༄༅།། མཚོ་སྔོན་བཀྲ་བྷ་སོགས་ལ་གྲོས་སུ་བཏབ་པ།

ཟུར་གསུམ་མ། འདིར་མཚོ་སྔོན་བཀྲ་བྷ་སོགས་ལ་གྲོས་སུ་བཏབ་པ་གཅིག་ནི། དེང་ཕྱིན་ཡང་ཁྱེད་ལ་སོགས་པ་གཟེབ་གྲུག་འགྲན་སྡུར་སྤེལ་མཁན་མང་པོ་ཡོད་ངེས་པས། གཟེབ་གྲུག་འགྲན་སྡུར་ལ་བོད་སྐད་ཀྱི་ལམ་ནས་མདོ་འཛིན་དང་འགྲེལ་བཤད་ཡག་པོ་བྱེད་ཐུབ་པ་འགའ་གསོ་སྐྱོང་བྱས་ན་ཇི་འདྲ། བོད་སྐད་བོད་ཡིག་ཤེས་པ་དང་། གཟེབ་གྲུག་འགྲན་སྡུར་ལ་སྤྲོ་ཤུགས་ཆེ་བ་དང་། གཟེབ་གྲུག་རྩེ་བར་བྱང་བ་དང་། གཟེབ་གྲུག་འགྲན་སྡུར་ལ་མདོ་འཛིན་དང་འགྲེལ་བཤད་བྱེད་མོས་ཡོད་པའི་གཞོན་ནུ་དུ་མར་ཆེད་དུ་སྦྱོང་བརྡར་འདང་ངེས་བྱས་ནས། ཁོ་ཚོའི་ལས་

༄༅།། སྐད་ཡིག་སྐམ་པོ་དང་དེ་ཡི་འཕྲོས་བཤད།

ཞོག་ལྗང་། འགྲོ་བ་མིའི་ཤེས་རིག་དར་བའི་ལོ་རྒྱུས་ལ་བལྟས་ཚེ། སྐད་ཡིག་གི་རིན་ཐང་གསལ་བོར་རྟོགས། མི་རྣམས་སྨྲ་ཤེས་ཤིང་དོན་གོ་བའི་བདག་ཉིད་ཅན་དུ་གྱུར་པའི་བརྒྱུད་རིམ་ཁྲོད། རིན་ཐང་གཞལ་དུ་མེད་པའི་བྱས་རྗེས་ནི་སྐད་དང་ཡི་གེ་རེད། སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ནས་རིག་གནས་སྣ་ཚོགས་པ་བརྒྱུད་སྒྲོག་དང་དར་སྤེལ་བཏང་། བསམ་བློ་དང་ལྟ་གྲུབ་སྣ་ཚོགས་ཀྱང་བྱུང་། སྲོག་ཆགས་གཞན་དང་ཁྱད་པར་འབྱེད་ཆོས་གཙོ་བོ་ཡང་སོ་སོས་ལག་ཆ་བཟོ་ཤེས་མིན་སོགས་མིན་པར། སྐད་དང་ཡི་གེ་ལ་བརྟེན་ནས་ཤེས་རིག་གི་ལོ་རྒྱུས་བསྐྲུ

༄༅།།འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་ལ་ཕུལ་བའི་བྱ་དཀའ་བའི་སྙན་ངག་གི་རྒྱན་གྱི་མཆོད་པ་རེ་བའི་རྫོགས་ལྡན་བསུ་བའི་ཕོ་ཉ་ཞེས་བྱ་བ།

ཕུན་ཚོགས་གནས་མཆོག་ཙོང་ཁའི་སྐྱེད་ཚལ་དུ།།བསྟོད་འོས་ལྷ་དང་ལུང་གིས་ཡང་ཡང་གཞོལ།།སྐལ་བས་རྙེད་པའི་བསམ་འཕེལ་ཡིད་བཞིན་ནོར།།རེ་ལྟོས་མཐོང་བ་དོན་ལྡན་དེ་ལ་འདུད།། ལེགས་ཚོགས་མཛད་འཕྲིན་ཉི་ཟླའི་འོད་སྣང་ལྟར།།སྤྲོ་མཛད་ཁྱེད་ཀྱི་རྣམ་ཐར་ཤིན་ཏུ་མངས།།མཁས་བཟང་བཙུན་པའི་ཡོན་ཏན་ཇི་བཞིན་དུ།།སྨྲ་བའི་ལྕེ་བརྒྱ་སྤྲུལ་ཀྱང་ག་ལ་ནུས།། གཤིས་སུ་གྲུབ་པའི་བྱམས་བརྩེའི་མཐུན་སྦྱོར་གྱིས།།ང་རྒྱལ་ཁྱོད་ཕམ་རྩོད་པའི་རབ་རིབ་བསལ།།འཇིག་རྟེན་རེ་བའི་མགོན་དང་ཡིད་རྟེན་དུ།།བཞུགས་པའི་སྐྱབས་གཅིག་དམ་པ་ཞབས་བརྟན་གསོལ།

༄༅། །བོད་མི་རིགས་སྤྱི་དང་། བྱེ་བྲག་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པའི་ཞབས་ནས་མར་འཐེན་མཁན་རྒྱལ་ཚོང་པ་སྡིག་ཆེན་རྒྱ་ཁྱི་ཀླད་སྟོང་དཀོན་རྒྱམ་ཨ་ར་དཀར་པོ་ཅན་སོགས་ཁག་གཅིག་གི་སྐྱག་རྫུན་ལོག་བཤད་དང་། ཧམ་བཤད་འགའ་ཞིག་ཐེར་འདོན།

༡༽ དོལ་རྒྱལ་རྗེས་འབྲང་པའི་ཁུངས་མེད་ལོག་བཤད།ཕྱི་ལོ་༢༠༢༥་ཟླ་༧་ཚེས་༢༡་ཉིན་དྲ་ལམ་དུ་དོལ་རྒྱལ་རྗེས་འབྲང་པ་འགའ་རེས་སྐད་ཆ་ཞིག་ཤོད་བཞིན་པ་མཐོང་འཕྲལ། ག་རེ་ཤོད་བཞིན་ཡོད་ཉན་པར། ཡུ་རོབ་དམངས་ཁྲོད་ཁ་བརྡ་ཟེར་བའི་ནང་རྟག་ཏུ་ལོག་བཤད་སྤེལ་མཁན་དོལ་རྒྱལ་རྗེས་འབྲང་པ་ད་ལྟ་སྤ་རན་སེའི་ནང་དུ་ཡོད་པའི་བཀྲ་ཤིས་དོན་གྲུབ་ཟེར་བ་དེས་ནམ་རྒྱུན་མཁས་དབང་དཀོན་མཆོག་རྒྱལ་མཚན་ཞེས་ལབ་འདུག་ས་ཨ་ར་དཀར་པོ་རིང་པོ་ཅན་དེས་༸གོང་ས་མཆོག་ལ་དགག་པ་རྒྱག་ཁུལ་བྱེད་བཞིན་འདུག ངས་དངོས་གནས་འདི་མཁས་དབང་ཞིག་ཨེ་ཡིན་སྙམ་

༄༅། །བརྩེ་ལྡན་ཕ་མ་ཟུང་ལ་ཕུལ་བའི་སྙིང་གཏམ་འོ་མའི་ཆུ་གཏེར།

བསླད་མེད་བྱམས་བརྩེ་དང་གཙང་དངུལ་དཀར་གྱི་མེ་ལོང་། ། སྟོན་ཟླ་དཀར་པོ་བཞིན་ཏུ་བཀྲག་མདངས་ཀྱིས་འཁྱུད་པའི། ། རྒྱང་རིང་ཡུལ་ན་བཞུགས་པའི་དྲིན་ཆེན་གྱི་ཕ་མས། །

༄༅། །སྐུའི་གོ་སྟོན་གྱི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་དད་དམ་རྡོ་རྗེའི་རང་སྒྲ།

འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་རྡོ་རྗེ་འཆང་དབང་། འཛམ་གླིང་ཐུབ་པའི་རྒྱལ་ཚབ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ངོ་མཚར་མཚན་དཔེའི་ཉིན་བྱེད་དབང་པོ་ཞིང་འདིར་ཤར་ནས། སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཐེངས་༩༠་པ་དང་། སྐུའི་གོ་སྟོན་གཉིས་ཚོགས་ཀྱི་སྐལ་བཟང་དུས་སྟོན་ཆེན་མོའི་སྐབས་འདིར། ད་བར་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་མགོན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ལྷག་ཏུ་

རྒན་ཞི་ཆུང་ལགས་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ།

ཁོང་ནི་མདོ་སྨད་གསེར་ཐལ་ས་ཆ་ནས1950ལོར་སྐྱེས།  ཆུང་དུས་ནས་རྣམ་དཔྱོད་དང་བརྩོན་པའི་ཤུགས་ལ་བརྟེན་ནས་དམངས་གཉེར་སློབ་ཆུང་ནས་མགོ་བརྩམས་ཏེ་རྒྱ་བོད་ཡིག་རིགས་གཉིས་གཙོས་རིག་པའི་གནས་དུ་མ་ལ་འབད་པ་ཆེར་མཛད་ཅིང་།  ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཕན་པའི་བྱས་རྗེས་དུ་མ་བསྐྲུན།    ཁོང་གིས་ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་བོད་ལྗོངས་དང་སི་ཁྲོན་མཚོ་སྔོན་སོགས་བོད་ས་མཐོའི་སྒང་གི་ཐུན་མིན་རིག་གནས་ལ་ཆེད་དུ་རྒྱུས་ལོན་བྱས་ཏེ།  རྗེས་ཤུལ་འཚོལ་བ་དང་།  ཡིག་ཚགས་འཚོལ་ཞིབ། མི་སྣའི་བཅར་འདྲི་སོགས་

སྐུའི་གཅེན་པོ་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

བོད་རབ་གནས་ཤིང་འབྲུག་ལོའི་བོད་ཟླ་༡༢་པ་རྒྱལ་ཟླའི་ཚེས་༡༡་སྟེ། ཕྱི་ལོ་༢༠༢༥་ལོའི་ཕྱི་ཟླ་༢་ཚེས་༨་ཉིན་གྱི་དགོང་དྲོའི་ཆུ་ཚོད་༥་དང་སྐར་མ་༤༥་ཙམ་ལ་༸སྐུའི་གཅེན་པོ་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། ཕྱི་ལོ་༡༩༥༩་ལོར་རྒྱ་དམར་བཙན་འཛུལ་སྲིད་གཞུང་གིས་བོད་ནང་ལ་བཙན་འཛུལ་དང་བཙན་གནོན་ཤུགས་ཆེན་བྱས་པར་བརྟེན། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་བཙན་བྱོལ་དུ་ཕེབས་སྐབས་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ

འཁྱག་རླུང་།

བཙན། སྐྱ་ཐིང་ཐིང་གི་ནམ་མཁའ། ཟླ་དང་པོའི་གསེར་རྟ་ནི་མཚེར་ཤུལ་ཞིག་དང་འདྲམགྲོན་པོ་འདྲ་བའི་རང་ཡུལ་གྱི་མི་དགསྐབས་འདིར་ད་གཟོད་བདག་པོར་གྱུརསྐྱ་ཐིང་ཐིང་གི་ནམ་མཁའ་རུམེད་མུག་དང་བསླུ་བྲིད། གནོན་ཤུགས་དང་དཀའ་སྡུག་དོདཡུལ་མི་དག་སྐབས་འདིར་ད་གཟོད་བདག་པོར་གྱུར ངས་ཟླ་དང་པོའི་གསེར་རྟ་ངོ་ཤེས་ཐབས་བྲལངས་ཟླ་བརྒྱད་པའི་གསེར་རྟ་གྲོགས་སུ་འགུག་ཐབས་བྲལད་དུང་ཟླ་དང་པོ་ཟླ་བརྒྱད་པགཞུང་ལམ་གྱི་ཕར་ཚུར་དང་འདྲ་བའི་བར་ཐག་དེངས་ཤེས་ཐབས་མི་འདུག མཐོ་ཞིང་མཐོ་བའི་རི་བོ་དེའི་མཁའ་རུདམའ་ཞིང་དམའ་བའི་ཆུ་བོ་

ཁ་བའི་ཀློང་གི་དྲན་འགྱུ།

ལྡོང་ཡོན་ཏན་རྒྱ་མཚོ། དཀར་དམར་མེ་ཏོག་བཞད་སའི་གནས་མཆོག་དེར།།ད་ལྟ་ད་རུང་ཁ་བ་འབབ་ལགས་སམ།།རྩི་ཤིང་ནགས་ཚལ་ལྡེམ་པའི་ལུང་གཤོང་དེར།།ད་ལྟ་ད་རུང་བུ་ཡུག་འཚུབ་ལགས་སམ།། རྨ་ཀླུང་ལྷོད་ཀྱིས་འབབ་པའི་ཁུགས་སོ་དེར།།ད་ལྟ་ད་རུང་ཐལ་རྡུལ་འཕྱུར་ལགས་སམ།།འདབ་ཆགས་གྲེ་འགྱུར་སྙན་སའི་གླིང་ག་དེར།།ད་ལྟ་ད་རུང་འུག་སྐད་སྒྲོག་ལགས་སམ།། ཤེས་རིག་དགའ་སྟོན་དར་བའི་ཁོར་ཡུག་དེར།།ད་ལྟ་ད་རུང་བཀའ་ཆད་འབེབ་ལགས་སམ།།ཡང་དག་གཟུངས་གཞུག་འཇོག་སའི་དཀྱིལ་འཁོར་དེར།།ད་ལྟ་ད་རུང་སྒོ་ཟ་བརྒྱབ་ལགས་སམ།། མི་ལོ་སུམ་ཅུའི་གཏམ་

ནུས་མེད་ཀྱི་ཡིག་འབྲུ་དང་ཆགས་སྡང་ཐར་ཐོར།

ཐེའུ་རང་། ༡༽ད་ལྟ། མཛོད་དགེ་ཞེས་པའི་མདོ་སྨད་ལྷོ་རྒྱུད་ཀྱི་རྫོང་མཁར་འདི་ན་ཁ་བ་འབབ་ཀྱིན་འདུག མཐོ་སྒང་གི་གྲང་ལྷགས་ལ་བཟོད་ཚུགས་པའི་ཡུལ་མི་རྣམས་ཁྲོམ་སྲང་ན་བྲེལ་བས་འདུར། ཚོགས་ཆེན་གཉིས་ཀྱི་སྐེ་ལུང་བཏགས་པའི་ལས་བྱེེད་ཚོའི་གདོང་ལ་དེ་རིང་གི་གནམ་གཤིས་ལྟ་བུའི་གཟབ་ནན་གྱི་རྣམ་འགྱུར་ཁྱད་མཚར་བ་ཞིག་འཐིབ་འདུག ང་རང་སྐྱིད་ཤོད་ནས་སྒོར་བུད་དེ། ཉེ་ལོགས་ཀྱི་ཁོ་ཧྥེ་ཁང་གསར་པ་ཞིག་ཏུ་ཕྱིན། ཕྱི་རོལ་གྱི་ལྷགས་པས་ངོ་གདོང་དྲག་ཏུ་གཙེས་ནའང་། སྲང་ཤར་གཅིག་གི་ཕ་རོལ་བརྒལ་རྗེས། དྲོད་ལམ་ལམ་གྱི་ཁོ་ཧ

སྟོད་ཀྱི་དིང་རི་བ།

དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན།མཁྱེན་པ་མཐའ་བྲལ་ཀུན་གསལ་ཡངས་པོ་ལས།།བརྩེ་ཆེན་ཉི་མ་འབར་བའི་གཟི་བྱིན་གྱིས།།ནུས་པའི་ཤུགས་དང་འོད་ཀྱི་མདངས་སྐྱེད་ལ།།དཀའ་སྡུག་མུན་པ་སོལ་ཅིག་རྩ་གསུམ་ལྷ།། དགྲ་ཡིས་གཉའ་བ་མནན་པའི་ཟིལ་ཤུགས་དང་།།དགུན་གྱི་གྲང་ངར་འཐིབས་པའི་གཞིས་ཀ་དེར།།རང་བྱུང་འབྱུང་བའི་གོད་ཆགས་རྩུབ་མོ་དེ།།སྐྲང་གི་ཐོག་ལ་ཁུ་ཚུར་བསྣུན་པའི་དཔེ།། ཐོས་པའི་གཏམ་དེས་མགོ་བོ་ན་རུ་བཅུག །མཐོང་བའི་བརྙན་དེས་སེམས་པ་འཁྱག་ཏུ་བཅུག །མི་ནོར་ཟས་གསུམ་བརླགས་པའི་གོད་ཆགས་ལ།།གདུང་སེམས་མཉམ་སྐྱེད་ཡོད་དོ་

གསལ་བསྒྲགས།

ཉེ་མཆན།