གླིང་ཚོམ།

ངེད་ཀྱི་མིག་གིས་ཟིན་པའི་ཁྲུང་ཁྲུང་ནི།བསྡུས་བརྗོད་ཀྱི་ཤམ་བྷ་ལ་འཚོལ་མཁན་ཞིག་ཡིན་ལ།
སྐོམ་གྱི་གདུང་བ་མེད་པའི་ཁྲུང་ཁྲུང་དེ་ཉིད།
འཇིག་རྟེན་པའི་ཁྲུང་ཁྲུང་ཞིག་ཡིན་ས་མེད་མོད།
ངེད་རང་གིས་བལྟས་བལྟས་པའི་ཁྲུང་ཁྲུང་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་ཁྲུང་ཁྲུང་ཡིན་འདུག་སྐད།
ཁྲུང་ཁྲུང་གིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ངེད་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་ཁྲུང་ཁྲུང་དེ།
རྨི་ལམ་དང་ལྟ་

༄༅། །གསེར་རྟ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས།

གྲུབ་དབང་པདྨ་ལུང་རྟོགས་རྒྱ་མཚོ་འམ་གསེར་རྟ་རིན་པོ་ཆེ་མཆོག་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་སྨད་སའི་ཐིག་ལེ་མགོ་ལོག་གསེར་ཐང་མཆོག་གཙང་ཞེས་པར། ཡབ་བསོད་ནམས་རྡོ་རྗེ་དང་ཡུམ་མཐོང་བཟའ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་ལྕགས་ཡོས་ཟླ་༢་ཚེས་༨་ལ་ངོ་མཚར་བའི་བལྟས་དང་བཅས་སྐུ་བལྟམས། མཚན་ཐོས་པ་དགའ་ཞེས་གསོལ། ཀ་ཐོག་གི་དགོན་ལག་གཞི་ཆེན་དགོན་དུ་ཆོས་སྒོར་ཞུགས་ནས་གཞི་ཆེན་དབོན་པོ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་དགོན་པའི་སྒྲིགས་དང་འདོན་ཆ་རྣམས་ལ་བསླབ་སྦྱངས་མཛད། གཞི་ཆེན་དབོན་པོ་རི

མཐུན་སྒྲིལ་གླེང་བ།   

               ཞོགས་ལྗང་།     མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་ཡང་གསར་དུ་བྱུང་བ་ཞིག་ཡིན་སྙམ་ཏེ།སྔོན་ཆད་བོད་པ་རང་གི་སྐད་ལ་འདི་ཉིད་མ་མཐོང་ངོ་།།མཐུན་པའི་རྡོག་རྩ་གཅིག་ཏུ་སྒྲིལ་བ་ཞེས་པའི་ཆབ་སྲིད་ཀྱི་ཐ་སྙད་ཅིག་འབྱུང་མོད།དོན་ནི་སོ་སོར་གོ་དགོས་སྙམ།    མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་རྒྱ་སྐད་ལ团结ཟེར། འདི་ཉིད་གནའ་བོའི་ཐང་གི་དུས་ནས་ཡོད་ཀྱང་ཟེར་མོད། ད་ལྟའི་དོན་དང་མི་མཐུན། ལྔ་བཞིའི་ལས་འགུལ་སྐབས་ལ་ད་ལྟ་སྤྱོད་བཞིན་པའི་ཆབ་སྲིད་ཀྱི་ངོ་བོ་ཤུགས་དྲགས་པའི་བརྡ་འདི་བྱུང་ཟེར།འཆ

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

     ན་མོ་གུ་རུ་མཉྫུ་ཤྲི་ཡེ། ལྷག་པའི་ལྷ་མཆོག་སྒྲ་དབྱངས་ཡབ་ཡུམ་ཟུང་། ། ལྷག་བསམ་དག་པའི་ངག་ལ་འཆད་རྩོད་རྩོམ། ། ལྷག་མེད་བྱིན་རླབས་དངོས་གྲུབ་ཆར་ཆེན་སྩོལ། ། ལྷག་ལྷག་བདེན་གཏམ་འབྲུག་སྟོང་འདི་ན་ལྡིར། ། ཞེས་ཡུལ་གོང་མ་ལ་རབ་ཏུ་བཏུད་དེ། དེ་ཡང་འཕགས་མཆོག་ཕྱག་ན་པདྨོ་དངོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས། “ང་རང་ཚོ་ཚང་མས་སྙིང་ལ་རུས་པ་བཅུག་ནས་ཧུར་ཐག་སྦད་ཐག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།” ཅེས་དང་། “ཅིག་ལྟད་མོ་ལྟ་བསྡད་པའི་བཟོ་

ཤེས་རབ་ཚོར་སྣང་ཁོ་ནའི་དབང་དུ་ཤོར་ན་རིན་ཐང་ཆུང་།

སྒོ་ཤེས་རབ་རྒྱ་མཚོ།         མ་གཞི་ལོ་རྒྱུས་ལ་བལྟ་བསམས་ན། ཕྱོགས་ཀུན་ནས་ཆ་ཚང་བ་ཞིག་བལྟ་དགོས། རང་རེ་བོད་པའི་ནང་བསྟན་གྱི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་རྩོད་རྙོག་དང་འདྲེས་ནས་ཡོང་བའི་ལོ་རྒྱུས་ཀྱི་ངོས་གཅིག་དང་། སྲིད་ཀྱི་དབང་བསྒྱུར་དང་རྩོད་རྙོག་ལ་འབྲེལ་བ་རྩ་བ་ནས་མེད་པར་རིག་གནས་གཙང་མ་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་ངོས་གཅིག་སྟེ་ངོས་གཉིས་ཡོད་པ་ལས། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུར་མཚོན་ན། ནང་ཆོས་དེ་ཆབ་སྲིད་རྩོད་རྙོག་དང་འབྲེལ་མེད་དུ་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་བ

༄༅། །སྔོན་ནས་ད་བར་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་ལ་བསླུ་བ་གཏན་ནས་མེད་པ་ང་ཚོར་ལོ་རྒྱུས་ཀྱིས་ར་སྤྲོད་ཐེངས་མང་བྱས་ཡོད།

༡༽ ༸གོང་ས་མཆོག་དང་གནས་ཆུང་ཆོས་སྐྱོང་བར་གྱི་འབྲེལ་བའི་སྐོར།སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོང་རང་ཉིད་ཀྱི་ཞལ་ནས། “གནམ་འདིའི་འོག་ན་གནས་ཆུང་རྡོ་རྗེ་དྲགས་ལྡན་ལ་རྒྱུས་མངའ་ཆེ་ཤོས་དེ་ཕལ་ཆེར་ང་ཡིན་གྱི་རེད། དེ་བཞིན་ངའི་གནས་ཚུལ་ཆ་ཚང་ཤེས་མཁན་དེ་ཕལ་ཆེར་གནས་ཆུང་རྡོ་རྗེ་དྲེགས་ལྡན་ཡིན་གྱི་རེད། དེ་འདྲ་ཞིག་རེད། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས། གནས་ཆུང་ལ་རྒྱུས་མངའ་ང་ཆེན་པོ་རེད། ང་ལོ་

སྐུ་མདུན་ལ་ཕུལ་བའི་ཚིག་ཕྲེང་བཅུ་བཞི་མ།

གཉན། རྡུལ་རྣམས་འཇགས་པར་བྱེད་པའི་ཆུ། གང་ས་གང་དུ་ལྡང་བའི་དུས་བཞིའི་དྲི་བཞོན། སེང་ལྡེང་ནགས་ཀྱི་ལོ་མའི་མཉེས་གཤིན། ནམ་ཡང་ཞི་བར་གནས་པའི་རྩ་དབུ་མ། མ་རིག་པ་བཏུལ་བའི་བརྡ་དཀྲོལ་དང་ངག་སྒྲོན། ཐུན་མོང་མ་ཡིན་པའི་ཡུལ་བསིལ་བའི་ཚལ། ཕྲ་ཕུང་མང་པོ་མང་པོའི་སྲོག་གི་གདངས་རྩོམ་མཁན། རྨི་ལམ་སྒྱུ་མ་དབུ་བ་ཟིལ་པ་རྣམས་ཀྱི་ཕོ་ཉ། མིག་གི་ནང་རོལ་ཏུ་སད་པའི་ཡེ་ཤེས་ཀྱི་སྤྱན་རླབས་པོ་ཆེ། མི་སྡུག་པའི་སྲ་མཁྲེགས་རྣམས་ཞི་བསིལ་གྱི་བདེ་བ་ཅན་དུ་བཏང་། མ་མཉེས་པའི་སྐྱོ་བ་དག་དགའ་བའི་ཡུལ་དུ་བསྐྱལ། དསང་བའི་

དམ་ཆོས་དར་བའི་ལོ་རྒྱུས་དང་གནས་བབ་ལ་རྒྱང་གིས་མཇལ་བའི་གཏམ་ཚིགས་སུ་བཅད་པ།

གཅིག བསྟན་པའི་ནང་དོན་མ་ཤེས་གོང་།།སྟོན་པའི་རྗེས་འཇུག་ཡིན་རབས་སྨྲ།།རང་རྒྱུད་མ་འདུལ་གོང་ཞིག་ནས།།གདུལ་བྱ་གཞན་ཞིག་འདུལ་དགོས་སྙམ།། གང་འདུལ་འགྲོ་དོན་བྱེད་ཟེར་ནས།།གང་ས་གང་ལ་འདུར་རྒྱུག་བྱེད།།བསྟན་པ་ཁ་ལ་ཁྱེར་ཁྱེར་ནས།།སྟོན་པའི་ལུགས་དང་རྒྱབ་འགལ་བྱེད།། འདི་ནི་ད་ལྟའི་མི་མང་ལུགས།།སྔོན་ཡང་དེ་འདྲའི་བྱེད་ལུགས་མང་།།སྟོན་པ་འཇིག་རྟེན་མིག་དེ་ཟིམ་གྱུར་ནས།།བསྟན་པའི་གཏད་རབས་དེ་དག་རྫོགས་པ་ནས།། ཉན་ཐོས་སྡེ་བ་སོ་སོར་གྱེས་པ་ནས།།ཐེག་ཆེན་ཐེག་དམན་གཉིས་སུ་ཕྱེ་བ་ནས།།བསྟན་ལ་ཕྱི་དགྲ་ནང་དགྲ་མང

གཞོན་ནུ་བདག་གི་གོམ་སྒྲ་དྲན་པ།

གཉན།         ང་རང་ཆུང་ངུའི་དུས་སུ། ངེད་ཀྱི་སྡེ་བའི་སྟོད་སྨད་གང་དུའང་ངའི་པྲ་ཆལ་གྱི་སྣང་བརྙན་ནི། ཡུལ་མི་རྣམས་ཀྱིས་ཉམས་འཇོག་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། འབྲོག་པའི་ཡུལ་སྲོལ་དང་འཆར་ཡན་གྱི་འཚོ་བའི་ཉི་འོད་ཁྲོད་ན། འཚར་ལོངས་བྱུང་དང་འབྱུང་གིན་པའི་ང་ནི། ཉིན་རེ་རེར་བསམ་བཞིན་མ་ཡིན་པར་ཀུ་རེ་དང་རྩེད་མཚར་འབའ་ཞིག་གི་ཆེད་དུ། བསམ་ཡུལ་ལས་འདས་པའི་ཉེན་ཁ་ཅན་གྱི་བསྟན་བཤིག་གི་ལས་སྣ་ཚོགས་འཕྲད་འགྲོ་བ་དང་། ན་ཚོད་མཉམ་པའི་འབྲོག་ཕྲུག་དེ་དག་དང་མཉམ་དུ། མངོན་ལྐོག་རིས་མེད་ད

འབུམ་རམས་པ་ཚོགས་ཐོག་ན་ཀྲབ་ཀྲབ།

མེ་ལྕེ། ལོ་འདི་ཚོར་རང་རེའི་བོད་ཡུལ་དུ་འབུམ་རམས་པ་མང་པོ་བྱུང་ཡོད། འབུམ་རམས་པ་སྐོར་ཞིག་ནི་མི་རིགས་སློབ་ཆེན་དག་ནས་བྱུང་བ་ཡིན་ལ། ཡང་འབུམ་རམས་པ་སྐོར་ཞིག་ནི་རྒྱ་ནག་གི་མིང་དུ་གྲགས་པའི་སློབ་ཆེན་དག་ནས་བྱུང་བ་ཡིན། ད་དུང་འབུམ་རམས་པ་ལ་ཤས་ནི་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཆེན་ནས་བྱུང་བ་དེ་འདྲ་ཡང་ཡོད། ཡུལ་ཕྱོགས་སོ་སོ་ན་འབུམ་རམས་པར་རྒྱུགས་འཕྲོད་པའམ་ཡང་ན་བདེ་བླག་ངང་སློབ་མཐར་ཕྱིན་པ་གང་ཡིན་ཡང་། གཉེན་ཉེ་དང་གྲོགས་པོ། དགེ་རྒན་དང་སློབ་གྲོགས། རྩོམ་གྲོགས་དང་མཛའ་གྲོགས་སོགས་ཀྱིས་བཀྲ་ཤིས

འབུམ་རམ་པ་ཡུམ་ཚེ་རིང་ལ་སྤྲིངས་པ།

ཞོགས་ལྗང་། སྐུ་ཉིད་ཐུགས་ལྷོད་ཁམས་ཡངས་ཀྱིས་བཞུགས་དང་ཁོ་བོ་འདི་སྙམ་དུ་ཞུ་རྒྱུར། གྲོགས་མེ་ལྕེས་བྲིས་པའི་རྩོམ་ཐུང་དེས་སྐུ་ཉིད་འཁོར་དང་བཅས་པ་ཐམས་ཅད་ལ་དྲང་བོའི་ལམ་སྟོན་པ་ཕར་ཞོགསྙིང་ནད་ལྟ་བུ་ཞིག་བསླངས་འདུག་པ་ཉིད་ཀྱི་རྩོམ་ལ་བལྟས་པས་གསལ་བོར་མཐོང་། དྲ་ཐོག་གི་མང་པོ་དག་ཀྱང་ཁྱོད་ཀྱི་ཁྲོས་སྟངས་ལ་བལྟས་ནས་ཕངས་སེམས་ལྟ་བུ་ཞིག་འོང་གི་འདུག་མོད། མི་རྣམས་མ་གཞི་ནས་དགའ་སྐྱོ་ཆགས་སྡང་གི་སྐྱོན་ཅན་དུ་སོང་ཙང། དེ་ཙམ་ངོ་མཚར་བའང་མ་བྱུང་། རང་གི་ཞེ་སྡང་དང་ཁོང་ཁྲོའི་མགོ་གནོན་པ་ལ་སོ་སོས་ཤེས་

མིག་སྔར་དེ་འདྲ་ཡིན།

གཉན། འཇིགས་སུ་རུང་བ་ཞིག་གི་འོག་ཏུ། ངས་འཚོ་བ་རོལ་གྱིན་ཡོད། དཏུམ་སྤྱོད་ལྡན་པ་ཞིག་གི་འོག་ཏུ། ངས་འབོལ་རྩོམ་འབྲི་བཞིན་ཡོད། གཉའ་གནོན་བྱེད་མཁན་ཞིག་གི་འོག་ཏུ། ངས་སྙན་ངག་འབྲི་བཞིན་ཡོད། ༢༠༡༦ ༥ ༣༠

གསལ་བསྒྲགས།

ཉེ་མཆན།