ངའི་དིང་རི་བ།
འབྲོང་། དོ་ནུབ་ང་ཁྱེད་ཚོ་དང་སྤྱི་ལེ་ཉིས་སྟོང་ལྔ་བརྒྱའི་ས་མཚམས་ཀྱི་ཨ་མདོ་ན་ཡོད། ངས་ནམ་མཁའི་སྐར་ཚོགས་ལ་ཅེར་ནས་མིག་ཆུ་རྡོག་གཅིག་འཕེན་པ་ལས་ཅི་ཞིག་ནུས་ཨང་། ངས་སྟོང་བའི་མཁའ་དབྱིངས་ལ་ཅེར་ནས་སྐྱབས་འཇུག་ཐེངས་ཤིག་ཞུ་བ་ལས་ཅི་ཞིག་འཇོན་ཨང་། ཡིན་ན་ཡང་། ངས་མཚོ་འཕང་ལྔ་སྟོང་གི་ས་བབས་དེ་མཐོང་ཡོང་གིན་འདུག རྐང་ལ་ཟུག་ཡོང་བའི་གྲང་ངར་གྱི་རྣོ་དབལ་དེ་ཚོར་ཡོང་གིན་འདུག མཁར་ཆག་གྱང་ཆག་འོག་ན་ད་དུང་སྐྲག་དངངས་ཀྱིས་ཅེར་བའི་མིག་ཟུང་དེ་དག་མཐོང་ཡོང་གིན་འདུག ས་ཉིལ་རྡོ་ཉིལ་དུ་སོང་བའི་ཁང་ཁྱིམ་ར
ཉེ་མཆན།