དགའ་ལྡན་དུར་ཁྲོད་ཀྱིས་བསྩལ་བའི་སྙན་ངག

གཉན།

ལན་དུ་ཨ་ཚ་མི་གསུང་བའི་ཁྱོད་ཉིད།
འདི་ནས་ཤུལ་མེད་དུ་གྱུར་འགྲོ་ནའང་། 
མཐའ་མཇུག་གི་གདམ་ང་ནི། 
སྔར་བཞིན་འདི་ན་ཡོད་དོན་ཅི། 
ལན་དུ་སྐད་ཆ་མི་སྟེར་བའི་ཁྱོད་ཉིད།
 རི་རྩེ་འདི་ལ་བསླེབས་ཐུབ་པ་ནི། 
དག་ཞིང་སྔས་སུ་བྱས་ནས། 
རྨི་ལམ་ནང་དུ་གཟིམས་སོང་བ་དང་ཅི་ཁྱད། 
བོད་མི། བོད་མི། 
ཚེ་རིང་གནམ་གྱི་ཤེ་མོང་གི་སྐྱེ་བ། 
དོན་དུ་ཁྱེད་ཀྱི་རྣམ་ཤེས་ཀྱི་ཕ་རྒན་སུ་ཞིག་ཡིན་ནམ། 
དཔུང་སྡེ། དཔུང་སྡེ་བྱས་ནས་འཁོར་འོང་བའི་བྱ་རྒོད་དག་གིས། 
འུ་ཚོའི་ཡབ་མེས་ཀྱི་ཞལ་ཆེམས་བཞེས་ནས། 
འུ་ཚོ་དང་འགྲོགས་དགོས་དོན་ཅི། བོད་མི་དང་བྱ་རྒོད་བར་གྱི། 
སྒྱུ་རྩལ་གྱི་གསང་བའི་མཆོད་སྦྱིན་ཆེན་མོ་དེ། 
དགའ་ལྡན་གྱི་ནམ་མཁའ་མ་གཏོགས། 
སུས་ཀྱང་འགྲེལ་དཀའ་འོ། ཀྱེ།   
ནམ་མཁའ་ལ་ལྷིང་འཇགས་མེད། 
དགའ་ལྡན་དུར་ཁྲོད་ལ་ངལ་གསོ་མེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།