ཀིརྟི་སྐྱབས་མགོན་རིན་པོ་ཆེའི་གལ་ཆེའི་བཀའ་ཡིག

བཙན་འཛུལ་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༡༩༥༠་ལོ་ནས་བོད་ལ་བཙན་འཛུལ་དྲག་གནོན་ཚབས་ཆེན་མགོ་འཛུགས་བྱས་པ་ནས་བཟུང་མཐའ་གཅིག་ཏུ་དགྲ་བོ་རྒྱ་དམར་ལ་ཁྱོད་ཤི་ང་གསོན་གྱིས་རྒོལ་འཛིང་ཁོ་ན་བྱས་ཏེ། མཐར་བོད་རབ་བྱུང་༡༦་པའི་ས་ཕག་ལོའི་བོད་ཟླ་༦་པ་སྔ་མའི་ཚེས་༡༥་དང་། ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་༧་ཚེས་༡༩་ཉིན་བོད་རྒྱའི་དམག་དཔུང་གི་གཡུལ་ས་རང་དུ་བཙན་རྒོལ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་རྒྱ་དམག་གིས་དངོས་སུ་སྐུ་བཀྲོངས་པར་བརྟེན། ཕྱི་ལོ་༢༠༡༩་ལོའི་བོད་ཟླ་༦་པའི་ཚེས་༡༥་ཉིན་ལོ་ངོ་ཧྲིལ་བོ་༦༠་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་འཚོགས་སྐབས། ཀིརྟི་སྐྱབས་མགོན་སྐུ་འཕྲེང་རིན་བྱོན་དང་། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དབལ་ཤུལ་དཔོན་རབས་རིན་བྱོན་བར་གྱི་འབྲེལ་ལམ་གཞིར་བཞག་གིས། བཙན་རྒོལ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་ཀྱི་རྗེས་དྲན་དུ་བཀའ་ཟུར་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐེ་ཝན་རྒྱལ་ཁབ་ནས་ཟབ་རྒྱས་ཐུགས་སྨོན་མཚམས་སྦྱོར་རྒྱ་གང་ཆེ་བཅས་ཆེད་བསྩལ་གནང་བའི་རིན་ཐང་གཞལ་མེད་ཀྱི་བཀའ་ཡིག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།