པཎ་ཆེན་རིན་པོ་ཆེས་སྐད་ཡིག་གི་དོན་དུ་རླབས་ཆེ་བའི་དམ་བཅའ་མཛད་པ།

དུས་འགྱུར་ནག་པོའི་སོ་ཁ་ནས་སྐད་​ཡིག་གི་ཚེ་སྲོག་སྐྱོབ་པའི་རིག་​པའི་དཔའ་བོ་རྣམ་བཞི།​

ད་ལྟའི་ང་ཚོའི་བོད་རིགས་ལས་བྱེད་པ་ཚོས་གོས་ཀྱི་ཕྱི་ནང་མི་བརྗེ་བར་རང་གི་བུ་རབས་ཚ་རྒྱུད་ལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ལམ་ཡག་པོ་ཞིག་བསྐྲུན་ཐུབ་དགོས། དེ་མ་བྱས་ན་རང་གི་མི་རིགས་ཕར་ཟད་རང་གི་ཤ་ལས་ཆད་པའི་བུ་རབས་ཚ་རྒྱུད་ལའང་ཤ་མ་ཚ་བ་རེད། དེང་སང་མི་རིགས་གཞན་གྱི་རིགས་གནས་ནི་ཁོར་ཡུག་གི་དབང་གིས་བསླབ་སླ་ལ་འབྱོར་ཡང་མྱུར། རང་གི་སྐད་ཡིག་དང་རིག་གནས་ནི་སྐྱུར་སླ་ལ་བརྗེད་ཀྱང་དེ་བས་སླ། དེ་བས་ན་ཐོག་མར་གང་ཡིན་སར་བེད་སྤྱོད་མང་དུ་གཏོང་ཐུབ་རྒྱུ་ནི་ཆེས་གལ་ཆེན་དང་ཡང་ན་དར་སྤེལ་གཏོང་སྟངས་ཤིག་རེད་འདོད། ང་ཚོས་རང་གི་མི་རབས་ཕྱི་མར་འདང་རྒྱག་གི་ཡོད་ཟེར་ཡང་ཞིབ་ཏུ་བསམ་ན་དེར་འདང་ཕོག་གི་མེད་པར་སྙམ། རྒྱུ་མཚན་ནི་ད་ལྟའི་བོད་རིགས་ལས་བྱེད་པ་དང་དཔོན་པོ་ཚོའི་བུ་ཕྲུག་ཕལ་ཆེ་བ་མི་རིགས་གཞན་གྱི་སློབ་གྲྭར་འཇོག་གི་ཡོད་པར་བལྟས་ན་ཁ་ལབ་སྐམ་པོ་ཏག་ཏག་རང་རེད། ངས་མི་ཚེའི་ནང་དམ་བཅའ་མང་བོ་བཞག་མྱོང་མེད། དམ་བཅའ་ཆེ་བ་གཅིག་བཞག་མྱོང་། དེ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ནང་བུ་རབས་ཚ་རྒྱུད་ལ་གནོད་པའི་ལས་ཤིག་མི་བསྒྲུབ་ཅེས་བཞག་མྱོང་། དེའི་དོན་ནི་སྐད་དང་ཡི་གེའི་དོན་དུ་རང་གི་ཡོད་ཚད་གཏོང་ཐུབ་པའི་སྒོ་ནས་གཏམ་དེ་ང་རྒྱལ་གྱིས་བརྗོད་པ་ཡིན་ལ། ངའི་རྗེས་འབྲངས་པ་དང་ངའི་སྐད་ཆར་ཡིད་ཆེས་གནང་མཁན་ཞིག་ཡིན་ན་ཕ་མེས་ཡང་མེས་ཚོར་ཁྲེལ་མེད་བྱ་མི་ཉན། རྩམ་པ་ཟ་མཁན་ཞིག་ཡིན་ན་ཀ་ཁ་སུམ་ཅུ་རུས་རྐང་ལ་ཟུག་ཡོད་པ་དེ་འདྲ་རང་བཅའ་དགོས།

༼པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ཅིག་ལ་ཉན་ཞོར་ཡི་གེར་ཕབ།༽ སྒྲ་མི་གསལ་བས་རེ་ཟུང་ནོར་ཡོད་ཤས་ཆེ་དགོངས་དག་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།