༄༅། །ངའི་དམག་སྤྱི་ལྭ་སེར་ཅན་དེ།
དུ་བ། (གསེར་རྟ།) དཔའ་བོའི་མི་རབས་ཤིག་གི་དམག་སྤྱི་ཁྱོད།།སྤྲིན་པའི་ཕར་རྒྱབ་དེད་ནས་གང་དུ་སོང་།།སྤྲིན་པའི་ཕར་རྒྱབ་དེ་ཡི་ཕར་རྒྱབ་ན།།འབྲོང་གི་རྒྱལ་རབས་ཞེས་པ་ཨེ་འདུག་ལགས།།རྟ་ཕོ་རྔ་མདུད་ཅན་དེའི་གོང་ལ་བཅིབས།།གོས་ཆེན་ལྭ་སེར་ཅན་དེ་ཐོག་ཏུ་མནབས།།གཡོན་ལག་སྲབ་མདའ་ཐོག་ཅིང་གཡས་ལག་གིས།།བརྒྱ་ལ་མཚམས་འདྲི་གཏོང་བའི་མི་དེ་དྲན།།ལོ་བརྒྱའི་མཐའ་ནས་བལྟས་ན་སེར་ལམ་མེར།།རི་བོ་གངས་ཀྱི་མཚམས་ནས་མངོན་པ་ཁྱོད།།ཕྱི་ལག་རྒྱབ་ལ་སྤྲད་ནས་ནུབ་མོ་དེར།།ཕྱིར་འོང་མེད་པར་རྟ་ཁ་གཅུ་དོན་ཅི།།ཁྱེད་རང་འགྲོ་ཚུལ
ཉེ་མཆན།