ར་མདའ།  ༼ཞར་བཀོད་གཉིས་པ།༽

ཁ་བ།(ནུབ་བྱང)

རྩྭ་མགོའི་ཟིལ་བ་གཏོར་བའི་རླུང་དམར་འཕྱོ།།
ཁྱི་མགོའི་བ་མོ་གཞོབ་པའི་མེ་ལྕེ་མཆེད།།
འབྲོང་གི་ཨ་ར་འཐོར་བའི་ཞོགས་ཀ་དེ།།
མཚོན་གྱི་གྲུ་གུའི་གཟེབ་ཀྱི་བརྗེད་བྱང་ཡིན།།

མི་ཕྱེད་མཚོན་ལ་བཏབ་པའི་ཁྲག་གི་འཇའ།།
རྟ་ཕྱེད་གནང་ལ་བཅད་པའི་རྡུལ་གྱི་མཚོ།།
གནམ་སའི་ཐག་ཁུག་ཆད་པའི་ཉི་མ་དེ།།
གསེར་གྱི་ཆིངས་ཡིག་བསུབ་པའི་དུས་འགྱུར་རེད།།
མ་སྲུའི་གནས་ར་ཁྱེར་བའི་རྐུན་པོ་སུ།།
ཕུ་ནུའི་མདའ་ར་གཏོར་བའི་གཏེ་བོ་སུ།།
མདུང་རིང་ཆུ་ཞགས་འདྲ་བའི་དངོ་མདངས་ན།།
རིག་པ་ལྕགས་ལྟར་བསྒྲིམ་པའི་ཕོ་རྒོད་ཀྱེ།།

གནམ་ལྕགས་སེར་བ་སྦྲུམ་པའི་ཡ་ཁོག་གི།
བ་ཡན་བྲག་ཁྲ་བྲག་སྨུག་ལྕིག་ལྕིག་གཡོ།།
གཡུལ་གྱི་གྲི་བྲོ་རྡུང་བའི་དབྱངས་ཡིག་དེ།།
མཆོང་གི་རལ་བ་ཅན་གྱི་ར་མདའ་བ།།
                  2014.6.18

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།