འཁྱག་རླུང་།

བཙན།

སྐྱ་ཐིང་ཐིང་གི་ནམ་མཁའ།

ཟླ་དང་པོའི་གསེར་རྟ་ནི་མཚེར་ཤུལ་ཞིག་དང་འདྲ
མགྲོན་པོ་འདྲ་བའི་རང་ཡུལ་གྱི་མི་དག
སྐབས་འདིར་ད་གཟོད་བདག་པོར་གྱུར
སྐྱ་ཐིང་ཐིང་གི་ནམ་མཁའ་རུ
མེད་མུག་དང་བསླུ་བྲིད། གནོན་ཤུགས་དང་དཀའ་སྡུག་དོད
ཡུལ་མི་དག་སྐབས་འདིར་ད་གཟོད་བདག་པོར་གྱུར

ངས་ཟླ་དང་པོའི་གསེར་རྟ་ངོ་ཤེས་ཐབས་བྲལ
ངས་ཟླ་བརྒྱད་པའི་གསེར་རྟ་གྲོགས་སུ་འགུག་ཐབས་བྲལ
ད་དུང་ཟླ་དང་པོ་ཟླ་བརྒྱད་པ
གཞུང་ལམ་གྱི་ཕར་ཚུར་དང་འདྲ་བའི་བར་ཐག་དེ
ངས་ཤེས་ཐབས་མི་འདུག

མཐོ་ཞིང་མཐོ་བའི་རི་བོ་དེའི་མཁའ་རུ
དམའ་ཞིང་དམའ་བའི་ཆུ་བོ་དེའི་གཏིང་དུ
ངས་ཅི་ཞིག་སྦས་ཏེ་ཅི་ཞིག་བོར
གཏམ་རྒྱུད་རིང་བོ་ཞིག་གི་རྐེད་པ་མན་ཆད
དེ་ལྟར་མཐོང་ཐབས་མི་འདུག

མི་དག་གདོན་གྱིས་བཟུང་སོང
ཡང་ན་དཀའ་སྡུག་གིས་མནར་སོང
ཐང་ཆད་སོང་། དཔའ་ཞུམ་སོང
ནད་མེད་འཁུན་སྒྲའམ། ཡང་ན་ངུ་ངག་གིས་བསྐྱེད་པའི་འཛུམ་དག
ག་ས་འདི་རུ་གོམས་ཤིང་ལོབས

ནམ་མཁའ་གཤེར་གཟུགས་སུ་བཞུར
བཞུར་བ་མ་རེད་སྐྱོ་བ་རེད
ཡང་ན་སྐྱོ་བ་ཡང་མིན་ཏེ
སེམས་ཀྱི་གཏིང་གི་ན་ཟུག་དག་འཛུམ་མདང་གིས་མཚོན་ཚུལ་དེས
སྨྱོ་རུ་བཅུག་པ་མིན་འགྲོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།