གཉན།
ཤ་དང་འོ་མ་ལ་དགའ།
གླུ་དང་གཞས་ལེན།
སྐྱེ་བ་སྔ་ཕྱི་ཡོད།
ལས་རྒྱུ་འབྲས་བརྩི།
མཆོད་པ་མི་བརྗེད།
ཆང་། འབྲོང་རྭའི་ནང་དུ་འཐུང་།
དགྲ་ལ་ཁེར་འཛིང་བྱེད།
ཁོང་ཁྲོ་ཆེ།
ཞེ་སྡང་ཆེ།
ཕྲག་དོག་ཆེ།
དམྱལ་བར་སྐྲག
མནའ་དཔང་ལ་འཇོག
ཡུལ་དུས་ངེས་མེད་དུ།
“རེས་དགེ་བ་ཙུག་རེ་བྱེད།
རེས་མི་དགེ་བ་ཙུག་རེ་བྱེད།”
སྐྱིད་ཡོད་ན་འབོད།
སྡུག་ཡོད་ན་འགྲོ།
གང་དུའང་སྨོན་ལམ་འདེབས།
བཙན་པོ་མི་འཁུར།
གཉོམ་པོ་སྐྱོང་།
ངོ་ཚ་སྲུང་།
རི་མཐོ་ས་གཙང་གི་ཡུལ་རྣམས་བདག་བྱེད།