དུ་བ། གསེར་རྟ།
༡༽དྲུག་པ་ཚངས་དབྱངས་རྒྱ་མཚོའི་གཟན་སྣེའི།།
མ་སྐྱེའི་ཨ་མའི་ཞལ་གྱི་ཟླ་བ།།
དོ་ནུབ་པོ་ཏཱ་ལ་རུ་མངོན་ན།།
མི་རབས་རྗེས་མའི་ཡིད་ཀྱི་སྙན་ཚིགས།།
ལྷ་སའི་ཁྲོམ་ལ་ཉུལ་ཉུལ་བྱས་ནས།།
དོག་ཙམ་ཁག་པའི་བཟོ་ལྟ་ཆགས་སོང་།།
ཁྱོད་ཀྱི་དར་སྐུད་སྐྲ་ལོའི་སྣེ་ལ།།
སྦས་པའི་ཡིག་འབྲི་ས་རུ་གཏོར་དང་།།
ས་འདིའི་མི་དང་མི་ཡི་སྙན་ཚིགས།།
དེ་ལ་ཅེར་ནས་རབ་ཅིག་འགོར་ཡོད།།
༢༽དོ་ནུབ་པོ་ཏཱ་ལ་ཡི་ཟླ་བ།།
ཆེ་རྒྱུ་ཆུང་རྒྱུ་ཚབ་ཆེན་མིན་ཡང་།།
རི་བོ་གངས་ཀྱི་ཕ་མཐའི་ཕ་མཐའི།།
དབུ་ལ་ཟླ་བ་ཚེས་པའི་མི་ཞིག།།
ལྷག་ཏུ་དྲན་པའི་ལྷགས་པ་ལྡིང་འོང་།།
མི་དེའི་ཞལ་རས་བཅོ་ལྔའི་དུང་ཟླ།།
མ་མཐོང་མི་ལོ་དྲུག་ཅུ་འགོར་སོང་།།
རྒས་ཀྱང་ཡོད་ལ་རྒས་ཀྱང་མེད་པའི།།
མི་དེའི་སྐད་ཆའི་རྦ་ཀློང་ངོགས་སུ།།
འུ་ཚོས་ཟླ་བ་གང་དེ་འཚོལ་འང་།།
༣༽པོ་ཏཱ་ལ་རུ་ཟླ་བ་ཚེས་དུས།།
མཐའ་མཇུག་གང་ལ་སླེབས་མིན་ནམ།།
ཟླ་བའི་གདོང་ལ་འཛུམ་ཆ་བྲུག་དུས།།
ལྷག་ཏུ་ཅི་ཞིག་རྙེད་པ་མིན་ནམ།།
ལྷ་སའི་ཟླ་བ་①སྒོར་མོ་ཉན་ནས།།
སྒོ་ཁང་གླད་དུ་འོད་ཟེར་བསྩལ་ན།།
སྟ་གོན་ཞིག་གི་རྟེན་འབྲེལ་མིན་ནམ།།
ཡིན་ཡང་འདི་ནི་ཅི་འདྲའི་ཁག་ཨང་།།
མ་རབས་འདི་ལ་ཅི་འདྲའི་ཁག་ཨང་།།
༢༠༡༦ལོའི་ཟླ་༡༡པའི་ཚེས་༡༤མཚན་མོའི་ཟླ་བ་ཆེ་རབས་གླེང་དུས།