རྔམ་ཆེན་རོལ་དབྱངས།

__ཡི་དམ་ཚེ་རིང་།

ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྒྲ་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ། །

བདུད་རྩིའི་སྨན་ལྗོངས་ཞི་ཧྲོན་པན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འགྲོ་བར་རྩོམ། །

གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན། །

བདག་གི་སྙིང་དབུས་ཏེ་སེ་ལྷུན་པོར་བག་ལ་ཉལ་པའི་གངས་སེང་དཀར་མོས་གནས་ས་གཡོ་བའི་གཡུ་རལ་གསིག །

དཔྱིད་ཀྱི་དཔལ་མོ་སླེབས་པའི་དུས་སུ་མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་སྙན་འཇེབས་སྒྲ་དབྱངས་ཉན་པར་སྤྲོ། །

ཐ་དད་རིགས་ཀྱི་འགྲོ་བ་དག་གིས་ལོ་རྒྱུས་མཚོན་པའི་སྙན་རྩོམ་རོལ་དབྱངས་སྤོབས་པའི་གདངས་ཀྱིས་གྱེར་པའི་ཚེ། །

དཔལ་གྱི་ཡོན་ཏན་བླ་ན་འབར་བའི་རྒྱལ་ཁབ་ཅིག་གི་མཛེས་པའི་སྣང་བརྙན་ཕྱིར་རབས་དྲན་པའི་ངོས་སུ་ཕབ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།