ལྷོ་མོན་གྱི་གོམ་སྟབས།

༡༽ ཚོར་བ་ངོ་ཉིས་མ།

ལོ་ཁ་ཤས་ཀྱི་སྔོན་ནས་ཀྱང་མོན་ཡུལ་ལ་ལྟ་སྐོར་དུ་འགྲོ་འདོད་ཡོད་པ་ལ། ད་ཐེངས་ཅིས་ཀྱང་བཟློག་ཏུ་མ་གཏུབ་པར། སྤྱི་ཟླ་༧པའི་ཚེས་༦སྟེ། ༸སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་གྱི་ཕྱི་དྲོར།རབ་གསལ་གསེར་གྱི་སྙེ་མ་སོགས་ནས་བསྡུས་པའི་ཚངས་དབྱངས་རྒྱ་མཚོའི་སྐོར་ཟིན་བྲིས་སུ་ཕབ་པ་དག་དང་།མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》《རྣམ་ཐར་བཙན་པོ་མ་སོགས་དང་། གཞན། པར་ཆས་སོགས་ལམ་འགྲོ་བའི་བཅའ་ལག་ཆུང་ཙག་ཁྱེར་ཏེ་དངོས་སུ་གོམ་ཁ་བསྒྱུར་ཐུབ་པ་བྱུང་། རྒྱུ་ཚེགས་འཇིགས་གསུམ་ལ་མི་འཛེམས་པར་འགྲོ་དོན་དེ། རིང་ནས་ཕ་རོལ་དུ་གཤེགས་པའི་སྐྱེས་བུ་དམ་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་གཞིས་གཙོར་བཟུང་གིས་མོན་ཡུལ་ལ་དུངས་ཞེན་གྱི་ཐོད་པས་གཏུགས་ཏེ། ཟིན་ཐོ་ཆུང་ཆུང་ཞིག་འདེབས་རྒྱུ་དེ་ཡིན། འོ་ན། ལོ་རྒྱུས་ཀྱི་རང་བཞིན་དང་འབྲེལ་བའི་གནས་ཚུལ་ཞིག་རྒྱུས་ལོན་བྱ་དགོས་ཚེ། ཚོད་དཔག་གམ་ཚོར་བ་དབང་བཙན་དུ་བྱས་ན། ལོ་རྒྱུས་ཀྱི་སྤྱི་སྐྱོན་དུ་འགྱུར་བ་ཤེས་པས། ཟིན་ཐོ་ཆུང་ངུ་ཞིག་ལ་ཁ་ཚོན་ཆེན་པོ་ཞིག་མི་གཅོད་པར་གཟབ་གཟབ་བྱེད་རྒྱུ་ནི་ཐོག་མའི་ཁས་ལེན་ཡིན། ཨ་སམ་ནས་བརྒལ་བ་དང་། ཀློ་མོན་གྱི་ནགས་རིའི་རྒྱུད་མ་སྤྱད་ཅིང་ལ་རིང་ཐུང་ལ་འགོས་ཏེ་ཡོང་དུས། རླངས་འཁོར་གྱི་དྲ་མའི་ནང་ནས་རྐེ་བསྲིངས་ཤིང་། ཕྱི་རོལ་གྱི་མཁའ་དབུགས་གཙང་མ་དང་མཛེས་བཀོད་སྣུམ་པོ་དེའི་དྲི་བསུང་ལ་རོལ་མྱོང་བྱས། ཁྱུང་ཆེན་གྱི་གཤོག་པ་ཉིལ་བ་ཇི་བཞིན་མེར་གྱིས་ལྡེམ་གྱིས་བཞུར་བའི་ཆུ་བོ་དང་། ལྷུང་ལྷུང་དང་སེང་སེང་གིས་འབབ་པའི་རྫ་ཆུ། འུར་སྒྲ་དང་གཅོམ་སྒྲས་མཆོང་བའི་རྦབ་ཆུ་དག་གིས་འཇམ་བསིལ་བསིལ་གྱི་ཁམས་གསོ་སྦྱིན་པས། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་ཨ་ལོང་ལ་འཇུ་སྟངས་སམ་གསང་བ་ཕྲ་མོ་དེའི་རྒྱུ་ལམ་དེད་ཤེས་ན། ཇི་འདྲའི་ཡ་མཚན་གྱི་རྫས་རྡུལ་མང་པོའི་གོ་འབྱེད་ཚུལ་གྱིས། མི་རྣམས་སྡུག་བསྔལ་གྱི་གཉེར་མ་འདི་ནས་མ་དྭངས་ཤིང་། བདེ་སྐྱིད་ཀྱི་གོ་འཕང་ཀྱང་འདི་ནས་ཐོབ་ཀྱིན་ཡོད་བསམ་པའི་བློ་རིག་འཁོར་བྱུང་། ལྷག་ཏུ། རྒྱ་མཚོའི་ངོས་ནས་མཐོ་ཚད་(13700 Feet)ཡོད་པའིཟེ་ལ(ཟེ་ནི་མོན་སྐད་དེ། མཐོན་པོའམ་གཟར་མོའི་དོན)རིང་མོའི་རྩེར་བསྙེགས་དུས་ལུས་སེམས་ཀྱི་རྒྱུ་བ་རང་སོར་ཆུད་དེ། ཕ་ཡུལ་ལ་བཅིངས་བའི་བརྩེ་བ་དམ་པོ་མངོན་དུ་གྱུར་སོང་ལ། དེ་དང་ལྷན་དུ་སྐྱོ་ལྷང་ལྷང་གི་རླུང་ཁ་བཙན་པོ་ཞིག་གི་འགྲམ་ལྕག་ཀྱང་རེག་བྱུང་། མཐོ་བརྗིད་མཛེས་གསུམ་སོགས་ཟེ་ལ་རི་བོ་ནི་ཧི་མ་ལ་ཡ་སྲིད་པའི་རི་རྒན་དག་གི་ནང་ན་ངོ་ཚ་མི་དགོས་པ་ཁོ་ཐག་རེད། རུ་ཁག་གིས་བརྒྱབ་པའི་དམག་སྒར་རམ་དམག་ཁང་ལྗང་ནག་དག་དང། ཁྱུ་དང་ཁྱུ་བྱས་ནས་གཤར་བའི་དམག་མིའི་རླངས་འཁོར་གྱི་ཉེན་བརྡ་གྲག་ཐེངས་རེར་ཕངས་སེམས་ཀྱི་ཤ་འདར་བསླངས་ཀྱིན། ལམ་འགྲམ་དུ་ཁེལ་བའི་སྨྱུག་ཁྱིམ་དག་དང་། ངལ་རྩོལ་མི་དམངས་ཀྱི་ངོ་མདངས་མིག་གིས་འཚོལ་གྱིན། ས་རུབ་མཚམས་སུ་རྟ་དབང་རྫོང་གི་ཁྲོམ་དཀྱིལ་དུ་འབྱོར་ཐུབ་པ་བྱུང་།

༢༽ བསྟན་འཛིན་རྒྱ་མཚོ།

ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་དུ་འདི་སྐད་དེ། བཀའ་བློན་ཚོས་བཀའ་ཤག་དང་། ཡིག་ཚང་གི་དམ་ཕྲུག་དང་། ནོར་གླིང་དུ་ཡོད་པའི་ཡིག་ཆ་ཕྲན་བུ་ཁྱེར་ཡོད་

ཅིང་། ཞེས་དང་། ངོས་ལ་དམག་མིའི་གྱོན་གོས་ཤིག་དང་། ཞྭ་མོ་གཅིག་གོ་སྒྲིག་ཡོད་པ་ལྟར་ཆུ་ཚོད་བཅུ་མ་ཟིན་ཙམ་ལ་ངས་ཡིད་སྐྱོ་ལྷང་ལྷང་གིས་བཅོམ་ལྡན་འདས་ཀྱིས་གནང་བའི་གྱོན་པ་གྲྭ་ཆས་ཕུད་དེ ཡང་། ངའི་མི་ཚེའི་ནང་ཚོར་བ་བདེ་སྐྱིད་དུ་མྱོང་བའི་སྐྱེད་ཚལ་མཚན་མོའི་མུན་པས་ཁྱབ་ཅིང། ཟླ་བའི་འོད་སྣང་ཅུང་ཟད་འཕྲོ་བའི་ནང་རྐང་བགྲོད་ཀྱིས་ཡོངཞེས་སོགས་གསུངས་དོན་ལྟར། བོད་རབ་བྱུང་༡༦པའི་ས་ཕག་ཟླ་༢ཚེས་༨སྤྱི་ལོ་༡༩༥༩ཟླ་༣ཚེས་༡༧གྱི་མཚན་མོའི་ཆུ་ཚོད་བཅུ་ཡས་མས་སུ། བོད་མི་མང་གི་འགོ་ཁྲིད་དམ་ཕུལ་བྱུང་གི་ཚབ་མཚོན་༸གོང་ས་མཆོག་གིས་རྒྱང་བཞུད་ཀྱི་གོམ་པ་དང་པོ་ནོར་བུ་གླིང་གའི་རྟག་བརྟན་མི་འགྱུར་ཕོ་བྲང་ནས་སྤོས་ཤིང་། དེ་ནས་ཁག་གསུམ་དུ་བགོས་ཏེ་རིམ་པས་ལྷོ་ཁར་བསྐྱོད། རང་རྣམ་དུ། རྒྱ་མིས་མེ་སྒྱོགས་ཀྱི་འགོ་འཛུགས་ནི་ངོས་ཡོང་རྗེས་ཆུ་ཚོད་བཞི་བཅུ་ཞེ་བརྒྱད་ཙམ་གྱི་རྗེས་ཟླ་བ་གསུམ་པའི་ཚེས་ཉི་ཤུ་སྔ་དྲོའི་ཆུ་ཚོད་གཉིས་ཐོག་བྱས་ཤིང་། སྐབས་དེར་ངོས་ཕྱི་བསྐྱོད་བྱས་པ་ཤེས་ཡོད་མ་རེད། དེའི་ཉིན་ཧྲིལ་པོར་ནོར་གླིང་དང་།  ལྷ་སའི་གྲོང་ཁྱེར། པོ་ཏ་ལ། ལྷ་ཁང་། ཉེ་སྐོར་དགོན་ཁག་བཅས་པར་མེ་སྒྱོགས་གྲངས་མེད་དྲག་ཆར་བཞིན་འཕངས་འདུག ལྷ་སའི་མི་མང་ཅི་ཙམ་བསད་རྨས་བྱུང་བ་སུས་ཀྱང་བརྗོད་དཀའ་ཡང་། ནོར་གླིང་གི་ཕྱི་ནང་དུ་མི་རོ་སྟོང་ཕྲག་འགའ་ཤས་མཐོང་རྒྱུ་ཡོད་འདུག ཅེས་དང་། དེའི་ནུབ་མོ་རྒྱ་མི་ཚོས་མི་རོ་རྣམས་བརྟག་ཞིབ་དང་། ལྷག་པར་བན་དེའི་མགོ་ཅན་ཚོར་རྟོག་ཞིབ་བྱས་པ་མཐོང་འདུག་ཅིང་། ཞེས་བསྟན་དོན་བཞིན། ཛ་དྲག་གི་གནས་ཚུལ་རེ་རེ་རླུང་འཕྲིན་དང་། རྩིས་དཔོན་རྣམ་སྲས་གླིང་པ། མཁན་ཆུང་རྟ་ར་བའི་(བསྟན་འཛིན་ཆོས་ཉིད) འཕྲིན་ཡིག་ལས་ཧ་གོ རང་རྣམ་ལས། བཀའ་བློན་ཚོ་དང་། ས་གནས་ཀྱི་འགོ་འཁྲིད་ཚོ་ཚང་འཛོམས་སར་གནས་སྐབས་ཀྱི་གཞུང་གསར་པ་བཙུགས་པའི་ཁྱབ་བསྒྲགས་ཀྱི་ཡི་གེ་བཀླགས་ཁྱབ་བྱས་ཤིང་། དེའི་ངོ་བཤུས་བོད་ཀྱི་ས་ཁུལ་ཁག་ཏུ་གཏོང་རྒྱུར་ངོས་ཀྱི་དམ་ཕྲུག་ཕབ། ཅེས་དང་། ས་གནས་དེ་ནས་པཎ་ཆེན་རིན་པོ་ཆེར་ཞུ་ཡིག་དང་། ཞེས་སོགས་ལྷུན་རྩེ་རྫོང་གི་ཚོམས་ཆེན་དུ་གཞུང་གསར་འཛུགས་ཀྱི་མཛད་སྒོ་བསྐྱངས་པར་མ་ཟད། བཙན་གནོན་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གཞུང་འབྲེལ་གྱི་ཁྱབ་བསྒྲགས་གནང་། ཁོང་གིས་མངགས་པའི་མི་སྣ་ལ་རྒྱ་གར་གཞུང་གི་ཕེབས་ཆོག་པའི་གཏམ་གསར་ཐོས། དེ་འདྲའི་ང་དགུ་ལོའི་དོན་རྐྱེན་ཡ་ང་བ་དེའི་དབང་གིས་༸གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་ཀྱིས་རྟ་གཡག་དང་རྐང་ཐང་རེས་མོས་ངང་ས་མཚམས་ཀྱི་“སྐས་འཛེགས་མ་ཎིར་”བརྒྱུད་དེ། སྐྱོ་དུང་དུང་གིས་ཆིབས་སྐྱོད་ཀྱི་གོམ་པ་རེ་རེ་མོན་ཡུལ་དུ་རིམ་པས་བསྒྱུར། ཆ་མ་འཚལ་ཡང་། ལྷ་ས་བདེ་སྐྱིད་གླིང་དུ་ཡོད་པའིརྒྱ་གར་གཞུང་ཚབ་ཁངགིས་ཀྱང་གནམ་འཕྲིན་ཞིག་འབྱོར་ཡོད་སྲིད་དེ། བོད་ནས་དཔོན་ཆེན་ཞིག་ཡོང་གི་ཡོད་པས་ཁྱེད་ཚོ་བསུ་རུ་འགྲོ་དགོས་ཞེས་རྒྱ་གར་གྱི་དམག་དཔོན་རེ་གཉིས་དང་རྒན་གནས་བརྟན་བཀྲ་ཤིས་སོགས་མི་བཅུ་ལྷག་ཅིག་ཆེད་མངགས་ཀྱིས་ས་མཚམས་སུ་འབྱོར་བ་ན། ན་གཞོན་ཞིང་བོད་ལྭ་མནབ་པའི་༸གོང་ས་མཆོག་འཁོར་དང་བཅས་པ་མཐོང་བས། ཁོང་ཚོས་བློ་ཡིད་དུ་དྲན་མ་མྱོང་བའི་མཇལ་འཛོམས་དང་འགན་འཁྲི་ཆེན་པོ་ཞིག་བཀལ་ཡོད་པ་གཞི་ནས་ཤེས་ཏེ་ཧུར་བརྩོན་གྱིས་ཞབས་འདེགས་བླ་ལྷག་གིས་བསྒྲུབས། ཆུ་དྭངས་མོ་ནས་བརྩིས་ཏེ་ཉིན་ལྔ་པ་རུ་མོན་རྟ་དབང་རྫོང་དུ་འབྱོར་བ་ན། གཞི་ནས་རྒྱ་གར་གཞུང་གིས་༸གོང་ས་མཆོག་(Dalai Lama)ཕེབས་ཡོད་པའི་ཁྱབ་བསྒྲགས་བྱས། དེ་དུས་རྟ་དབང་དགོན་པར་ཆུ་ཚོད་གསུམ་ཡས་མས་སུ་བཀའ་ཆོས་ཀྱང་གནངས།  ཉེན་ཁ་ལས་ཡོལ་ཚར་ནའང།  རི་སྒང་ཡིན་ལ་རླངས་འཁོར་གྱི་འགྲུམ་འགྲུལ་མེད་པའི་མོན་ཡུལ་གྱི་ལུང་ཆེན་རེ་རེའི་གཞུང་གཤགས་ནས་འགྲོ་དགོས་པས། དྲེའུ་ལ་བཅིབ་པ་དང་རྐང་ཐང་ལ་ངལ་བ་ཆེན་པོས་གང་མང་ཕེབས་པའི་རྐྱེན་བཅས་ནས། འཆམས་པའི་སྙུང་གཞི་ཕོག་པ་སོགས་སྐུ་ཚེགས་དང་ཨོ་བརྒྱལ་མྱངས་ནའང། དེ་དག་གིས་ཞུམ་པའམ་འཁུམ་པ་མི་མཛད་པར་ས་ཁུལ་རེ་རེའི་མི་མང་ལ། འཛུམ་ཤིག་ཤིག་གིས་མཇལ་ཁ་དང་། བཀའ་སློབ། གསུང་ཆོས་ཀྱང་གནངས་པས། ཕན་ཚུན་བརྗེད་མི་ཐུབ་པའི་དགའ་སྐྱོ་ཟུང་འཇུག་གི་ཉིན་མོ་ཏག་ཏག་ཡིན་པ་ནི་བཤད་ཅི་ལ་དགོས། སེངྒེ་རྫོང་དང་ སྡེ་རིང་རྫོང་སོགས་སུ་བརྒྱུད་ཅིང་། འབུམ་སྡེ་ལར་ཉིན་གསུམ་བཞུགས་ཏེ། བསྡོམས་པའི་མོན་ཡུལ་དུ་ཉིན་བཅོ་ལྔ་ཙམ་ཕེབས་བཞུགས་གནངས། ཕྱི་ཡུལ་དུ་རང་དབང་ནང་། ངོས་༡༩༥༩ ཟླ་༣ཚེས་༣༡ཉིན་བོད་ཡུལ་ནས་བྲོས་བྱོལ་ལ་ཕྱིན་པ་ཡིན། ཞེས་ཉིད་ཀྱི་རང་རྣམ་དུ་གསལ་བ་བཞིན། སྤྱི་ལོ་༡༩༥༩ཟླ་༤ཚེས་༡༨ཀྱི་ཞོགས་པར་རླངས་འཁོར་ནང་ཏེ་ཛི་པོར་ཕེབས། ༸གོང་ས་མཆོག་སྐུ་འཁོར་ཧྲག་བསྡུས་ཀྱིས་མོན་ཡུལ་སྐོར་བའི་གནས་ཚུལ་ཅུང་གསལ་ཁ་དོད་པ་སྟེ། སྐབས་དེའི་ཉིན་ཐོ་བཀོད་པ་མིན་ནམ་སྙམ་པ་ཞིག སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས་པའི་ཁོང་གི་མི་ཚེའི་བྱུང་བ་བརྗོད་པ་རུ་གསལ་བས། གནས་སྐབས་དེའི་སྐོར་ལ་ཤུགས་བརྒྱབ་མེད། མོན་པ་དང་༸གོང་ས་མཆོག་གི་འབྲེལ་བ་ནི་གཙང་ཞིང་བསུབས་མི་ཐུབ་པའི་དམིགས་བསལ་བ་ཞིག་ཡིན་པ་སྨོས་མེད་རེད། ང་དགུ་ལོ་ནས་ད་བར་དུ་ཁོང་ཡུལ་འདིར་ཐེངས་ལྔ་ལ་ཕེབས་ཤིང་། དུས་འཁོར་དབང་ཆེན་སོགས་གསུང་ཆོས་ཀྱང་མང་པོ་གནང་། ཡུལ་འདིའི་མི་དག་གིས་ཁོང་ལ་གདུང་སེམས་མཉམ་སྐྱེད་གནང་བ་དང་། ཁོང་གིས་ཡུལ་འདིའི་མི་རྣམས་ལ་ནང་མོལ་གྱིས་བཀའ་སློབ་ལྷུག་པོར་གནང་མྱོང་སྟེ། སྤྱི་ལོ༢༠༠༩ཟླ་༡༡ཚེས་༨ལ་ཆིབས་སྒྱུར་གནང་དུས། ང་བཅུ་ང་དགུ་ལོར་བོད་ནས་ཚུར་བྲོས་ཡོང་དུས་ས་ཆ་འདིར་བརྒྱུད་ནས་ཡོང་པ་རེད། དྲན་སོས་པ་ཞིག་རེད། དངངས་སྐྲག་ཆེན་པོ་བྱུང་བ་དང་། གྲོད་ཁོག་བཤལ་ཏེ་སྐུ་གཟུགས་སྐྱོ་བོ་ཆགས་པ་སོགས་ཀྱི་གནས་ཚུལ་ཀྱང་གསུངས། ཡིད་དགའ་ཆོས་འཛིན་གྱི་གསུང་ཆོས་ར་བར་བཀའ་ཆོས་གནང་ཞིང་། ང་རང་ཚོར་དད་པ་དང་དམ་ཚིག་གཙང་མའི་ཐོག་ནས་འབྲེལ་བ་ཡོད་བསྡད་པའི་མོན་པ་ཡུལ་མི་ཚོས་ཡང་སྐྱར་རུག་རུག་བྱས། ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། ཞེ་དྲག་དགའ་པོ་བྱུང་། ཡང་། མི་མང་གི་མདུན་སར་ཕེབས་ཏེ། ད་ལྟ་བར་དུ་ཡར་རྒྱས་ཕྱིན་པ་དེ་གཞིར་བཞག་ནས། ད་དུང་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་ཐུབ་པ་ཞིག་འབད་བརྩོན་བྱེད་དགོས་རེད། བསམ་བློ་བཏང་དགོས་རེད། ང་འདིར་ཐད་ཀར་འགན་ཡོད་པ་གང་མ་རེད་དེ། ཡིན་ནའང་། ཁྱེད་རང་ཚོར་ཚང་མ་དད་པ་དང་དམ་ཚིག་གཅིག་ཏུ་དཀར་བ་རེད། དེ་འདྲ་ཡིན་དུས་ཙ་ན། ང་ལ་སེམས་ཁུར་ཞིག་སླེབས་ཀྱི་ཡོད་རེད། དེ་གཞིར་བཟུང་གིས་ངས་ཁྱེད་རང་ཚོར་རེ་འདོད་འདྲ་བྱས་པ་ཡིན་ན། ཞེས་སོགས་ཕྱོགས་མང་པོ་ནས་བཀའ་སློབ་ལམ་སྟོན་རྒྱ་ཞིང་རྒྱས་པ་གནངས།

༣༽ ཨོ་རྒྱན་གླིང་།

གཏམ་རྣ་བའི་བཅུད་ལེན་དུ། ཨོ་རྒྱན་གླིང་རི་རུས་སྦལ་ཁ་སྦུབ་པ་འདྲ་བའི་སྟེང་རྡོ་ཁང་བཞི་ཐོག་ལེ་ལག་བཟོ་བཀོད་ཀྱིས་འཕགས་པ་ཤར་ལྷོ་ཕྱོགས་སུ་ཁ་བལྟས་པ། ལུང་དང་མཐུན་པའི་ཙན་དན་ཤུག་པ་ཀུ་ཤུ་སོགས་དྲི་བཟང་དང་འབྲས་བུ་ཅན་གྱིས་དབུས་རྩི་ཤིང་ནགས་ཚལ་གྱིས་ཕྱུག་པའི་གནས་ཁང་དེ། ཞེས་སྡེ་པ་སངས་རྒྱས་རྒྱ་མཚོས་གསལ་བོར་བསྟན་པ་ཇི་བཞིན། གཏེར་སྟོན་པདྨ་གླིང་པས་རང་ཉིད་ཀྱི་གཅུང་ཨོ་རྒྱན་

བཟང་པོ་ལགས་སུ་བཀས་བསྐུལ་ཏེ་མངགས་དོན་ལྟར། ཁོང་གིས་(སྤྱི་ལོ་༡༤༨༧)མོན་ཡུལ་

དུ་ཨོ་རྒྱན་གླིང་དང་། སངས་རྒྱས་གླིང་། མཚོ་རྒྱལ་གླིང་སྟེ་དགོན་པ་གསུམ་འདེབས་

འཛུགས་མཛད། རྗེ་རུས་སོ་མཁར་བའི་དབུ་ཆུང་རྡོ་རྗེ་འཛོམས་རིག་མར་བཞེས།

གཏེར་སྟོན་པདྨ་གླིང་པའང་རིམ་པས་ཞབས་བཅགས་ཏེ། ཁྱི་ཉལ་དང། བཟང་ང་ལུང་

བདེ་སྟོང་མཁར་ཞེས་མོན་ཡུལ་གྱི་ལུང་པ་འགའ་རེར་མིང་བཏགས། ཨོ་རྒྱན་གླིང་དུ་

ཐེངས་གསུམ་ལ་ཕེབས་ཤིང་། གཅུང་ཨོ་རྒྱན་བཟང་པོ་སོགས་སུ་དབང་ལུང་ཁྲིད་

གསུམ་མང་པོ་གནང། མཐར་ཨོ་རྒྱན་གླིང་དུ་གཟུགས་སྐུའི་དཀོད་པ་བསྡུས་པའི་

དབོན་པོ་ཨོ་རྒྱན་བཟང་པོ་ཁོང་གི་གདུང་སྲས་བླ་མ་དབང་ངམ་ཆོས་རྗེ་ཨོ་རྒྱན་རིག་

འཛིན། དེའི་སྲས་བླ་མ་ཚེ་རིང་ངམ་འགྲོ་མགོན་དུའང་གྲགས། དེའི་སྲས་བླ་མ་བསྟན་

འཛིན་བཀྲ་ཤིས། དེའི་སྲས་བླ་མ་ཡོན་ཏན་ནོར་བུ། དེའི་སྲས་བླ་མ་བསྟན་འཛིན་

གྲགས་པ། དེའི་སྲས་བླ་མ་བཀྲ་ཤིས་བསྟན་འཛིན་ཏེ། རྒྱལ་བ་ཚངས་དབྱངས་རྒྱལ་

མཚོའི་ཡབ་ཉིད་ཡིན། ༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། སཱ་ལ་པ་ལྟར་སྨྱོས་རིགས་

མངོན་མཐོའི་ཁར།། བློ༵་གསལ་བསྐལ་བཟ༵ང་གྲགས་པའི་དུན་དུ་བྷི༔ རི༵ན་ཆེ༵ན་དབྱུག་

གུས་བསྐུལ་ལས་ཚ༵ངས་དབྱ༵ངས་ཀྱི།། སྙན་པ་རྒྱ༵་མཚོ༵འི་མཐའ་ཁྱབ་ཞབས་བརྟན་ཤོག། ཅེས་གསོལ་བ་བཏབ་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས། ཡབ་ཡོངས་འཛིན་བཀྲ་

ཤིས་བསྟན་འཛིན་མི་རབས་བདུན་བརྒྱུད་མ་ཟད་སྤྱོད་པར་སྐྱོན་མེད་པ། གསུངས་

དོན་གྱི་གནའ་བོའི་མི་རབས་ཀྱི་རིགས་རུས་ཀྱི་ལྟ་སྟངས་གཙང་མའི་གདུང་རྒྱུད་དེ། རིག་སྔགས་འཆང་བ་དེ་ཉིད་དང་། བེ་མཁར་རྒྱལ་རིགས་ཚེ་དབང་ལྷ་མོ་ཡབ་ཡུམ་

གྱི་སྲས་སུ། སྤྱི་ལོ་༡༦༨༣རབ་བྱུང་བཅུ་གཅིག་པའི་ཆུ་ཕག་བོད་ཟླ་༣ཚེས་༡ལ་༸རྒྱལ་

བ་ཚངས་དབྱངས་རྒྱ་མཚོ་མཆོག་ཨོ་རྒྱན་གླིང་དུ་སྐུ་འཁྲུངས། མཚན་ལ་གསང་སྔགས་

བསྟན་འཛིན་དང་། ངག་དབང་ནོར་བུའང་གསོལ། ཚངས་དབྱངས་རྒྱ་མཚོའི་རྣམ་

ཐར་ཞིག་རྗེས་མར་འབྲི་ཨེ་ཐུབ་བམ་སྙམ་པའི་ཁོག་རྩིས་སམ་རེ་བ་ཅུང་ཡོད་ཀྱང་། འདིར་བསྡུས་པའི་སྒོ་ནས་ཉུང་ཙམ་བརྗོད་ན།  གཏམ་རྣ་བའི་བཅུད་ལེན་དུ། གཙོ་

བོར་བཻ་རོའི་ཡང་སྲིད་རིགས་འཛིན་གཏེར་བདག་གླིང་པའི་མནལ་ལྟས་སུ། ཞེས་དང་། དོན་གཏེར་སྟོན་རིན་པོ་ཆེའི་མནལ་ལྟས་ཀྱིས་དབུས་ངེད་རང་གི་རྨི་ལྟས་སོགས་དང་། ཞེས་གཏེར་བདག་གླིང་པ་དང་། སྡེ་སྲིད་ཀྱིས་བོད་ཀྱི་སྤྲུལ་སྐུའི་སྲོལ་རྒྱུན་ལམ་ལུགས་

ཀྱི་བྱེད་སྒོའང་སྒྲུབ་ཏེ། གང་ལྟར་༸རྒྱལ་དབང་ལྔ་པའི་སྐྱེ་སྲིད་དུ་ངོས་བཟུངས། ཕྲུ་གུ་

སྤྱིའི་འགྲོ་སྟངས་ཀྱིས་མཚར་ལོངས་བྱུང་ཡོད་ནའང་། ཆུང་དུས་ནས་ཡབ་དམ་པའི་

མདུན་ནས་གསང་སྔགས་སྔ་འགྱུར་བའི་ཟབ་ཆོས་ཅི་རིགས་གསན་སྦྱོང་གནང་སྟེ། མ་

འདྲ་བ་ཞིག་ཡིན་པ་འདྲ། ལྷ་སར་མ་ཕེབས་པའི་ཡར་སྔོན་དུ་བྲིས་པའི་རྟ་མགྲིན་

དབང་ཆེན་གྱི་སྒྲུབ་ཐབས་དེས་སྡེ་སྲིད་མཆོག་ཀྱང་མི་ཆུ་དབང་མེད་དུ་ཤོར་དགོས་

བྱུང་། གསང་བའི་སྒོ་ནས་སྣ་དཀར་རྩེའི་གཟིམས་ཆུང་བསྟན་འཛིན་ཕོ་བྲང་གི་ཁྲི་ལ་

བཀོད། སྨིན་གླིང་གཏེར་ཆེན་དང་། རྡོར་བྲག་པདྨ་འཕྲིན་ལས་ཀྱིས་མཇལ་འཕྲད་

མཛད་ཅིང་། ཕན་ཚུན་གསུངས་མོལ་ལྷུག་པོར་གནང་སྟེ། རྫོགས་ཆེན་གྱི་ལྟ་བའི་སྐོར་

གྱི་དྲི་བ་གནང་བར་གཏེར་ཆེན་གྱིས་ལན་བསྐྱོན་པ་དང་སྐུ་གོང་མ་དངོས་མཐོང་གི་

ཡིད་ཆེས་ཀྱིས་སྤྱན་ཆབ་བསིལ་བ་སོགས་རབ་གསལ་གསེར་གྱི་སྙེ་མ་རུ་གསལ། གཏེར་ཆེན་གྱི་རྣམ་ཐར་ལས། ཚུར་ཡང་བརྟན་བཞུགས་ཀྱི་ཚིགས་བཅད་བཀའ་རྩོམ་

ཕྱག་རིས་མ་ཤིན་ཏུ་དྭང་བའི་ཚུལ་གྱིས་སྩལ། སྐབས་དེ་ནས་འགོ་བཙུགས་ཏེ་གཏེར་

བདག་གླིང་པའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་པོ་ཞུས། ༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་མདུན་ནས་རབ་དུ་བྱུང་བ་དང། བློ་བཟང་རིན་

ཆེན་ཚངས་བྱངས་རྒྱ་མཚོ་ཞེས་མཚན་བཏགས། བོད་རབ་བྱུང་བཅུ་གཉིས་པའི་མེ་

གླང་སྤྱི་ལོ་༡༦༩༧ཏེ། དགུང་ལོ་བཅོ་ལྔའི་སྟེང་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་བཀོད། གཏེར་ཆེན་གྱི་གཙོས་ཡབ་རྗེ་དམ་པ་དང་། པཎ་ཆེན་རིན་པོ་ཆེ། སྡེ་སྲིད། ཅོ་ནེ་ཚུལ་

ཁྲིམས་དར་རྒྱས། རྗེ་དོན་གྲུབ་རྒྱ་མཚོ་(གླིང་སྤྲུལ་སྐུ་ཕྲེང་དང་པོ)སོགས་ལས་མདོ་སྔགས་

རིག་གནས་ཀྱི་དཔེ་ཆ་མང་དག་ལ་ཐུགས་སྦྱང་མཛད། སྙན་ངག་པ་གྲགས་ཅན་ཁོང་

གི་མགུར་གླུ་ཡིས་འཕྱོར་སྒེག་མཛེས་གསུམ་དང་དགའ་སྐྱོ་ཆགས་གསུམ་གྱི་ཉམས་

འགྱུར་རེས་བོད་མིའི་སྐྱིད་སྡུག་གི་ཤ་འདར་མངོན་པར་བསླངས་ཤིང་། བོད་དམངས་

ཁྲོད་དུ་གླིང་སྒྲུང་ལས་ཀྱང་ཁྱབ་རྒྱ་ཆེ་ལ། གླུ་ཚིག་གི་རང་བཞིན་དང་འབྲེལ་བའི་

མགུར་གླུ་ཚིག་དྲུག་གི་ངག་སྒོ་ཆེས་ཆེར་ཕྱེས། ཡིན་ཡང། འཇིགས་མེད་གླིང་པའི་སྐྱོ་

མགུར་དུ།  རྗེ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས།། བོད་བདེ་སྐྱིད་འབྱུང་པའི་ཡིད་

བཞིན་ནོར།། སྐུ་ལྟ་བའི་ཆོག་མི་ཤེས་པ་དེ།། ས་མཐར་དྭ་ཕྲུག་བཞིན་དུ་ཐལ།། ཞེས་

བཞེངས་དོན་ལྟར། སྐབས་དེའི་མཐོ་རིམ་བླ་དཔོན་གྱིས་ཆོས་ལུགས་དང་འབྲེལ་བའི་

ཆབ་སྲིད་འཐབ་རྩོད་ཀྱི་རླུང་དམར་དྲག་ཏུ་འཚུབ་པས། སྲིད་སྐྱོང་སངས་རྒྱས་རྒྱ་མཚོ་

མཆོག་གི་སྐུ་སྲོག་ཀྱང་ཤོར་དགོས་བྱུང་ལ། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་

མཛད་འཕྲིན་མཐའ་ཅན་དུ་བསྒྱུར་ཏེ། རྒྱང་ཕུད་(བོད་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་

ཕྱི་ལོ་༡༧༠༦དགུང་ལོ་ཉི་ཤུ་རྩ་ལྔ?)བཏང་པ་རེད། དུང་དཀར་གྱི་ཆོས་སྲིད་ཟུང་འབྲེལ་

དུ་རོབ་ཙམ་བཤད་དོན་ལྟར། ལོ་རྒྱུས་སྟེང་རྙིང་མ་དང་དགེ་ལུགས་ཀྱི་ཆོས་སྲིད་འཐབ་

རྩོད་ཀྱི་རྣོ་ངར་ཆེ་ཤོས་སུ་བརྩིས་ཀྱང་མི་ཆོག་པ་མེད་སྙམ། མོན་ཡུལ་གསལ་བའི་མེ་

ལོང་ལྟར་ན། ཨོ་རྒྱན་གླིང་རྟེན་དང་བརྟེན་པ་བཅས་སྤྱི་ལོ་༡༧༠༠ལྕགས་འབྲུག་ལ་

གཙང་གྲུབ་བྱུང་བར་མ་ཟད། རྒྱུན་བཞུགས་དགེ་འདུན་པ་བརྒྱ་ཐམ་པ་ཡོད་རབས་

དང་། སོག་པོ་ཇུན་གར་བས་སྤྱི་ལོ་༡༧༡༧ལོར་བོད་དུ་རྙིང་དགོན་ཁག་ཅིག་ཉམ་ཆག་

ཏུ་གཏོང་སྐབས་ཨོ་རྒྱན་གླིང་དང་མཚོ་རྒྱལ་གླིང་སོགས་སུ་ཉམས་ཉེས་སོང་སྟེ། ཨོ་

རྒྱན་གླིང་གི་དངུལ་གྱི་མཆོད་རྟེན་ཆེ་ཆུང་དང་། བཀའ་འགྱུར་བྲིས་མ། སློབ་དཔོན་

རིན་པོ་ཆེ་སོགས་ཀྱི་སྨན་སྐུ་འགའ་ཤས་རྟ་དབང་དགོན་དུ་གདན་དྲངས་ཚུལ་སོགས་

གསལ་བོར་བཀོད་ཡོད། ཇུན་གར་བའི་སོག་དམག་དངོས་སུ་ཡོང་སྟེ་མོན་ཨོ་རྒྱན་གླིང་

གཏོར་བཅོམ་བྱས་ཡོད་མེད་མི་ཤེས་ཀྱང་། རབ་གསལ་གསེར་གྱི་སྙེ་མར། འདི་ལོ་ཡབ་

གཞིས་ཨོ་རྒྱན་གླིང་དུ་གཙུག་ལག་ཁང་ལྟེ་བ་ཉིས་ཐོག་གི་སྒོ་མཆོར་ཀ་བཞིར་ལྡེབས་

རིས་རྒྱལ་ཆེན་བཞི། ཕྱག་རྡོར། ཛམ་ལྷ། སྲིད་འཁོར་སྡོམ་རྩོན་དམ་པ། ཀུན་འཁོར་

དང་བཅས་པ། འདུ་ཁང་ཀ་བ་བརྒྱད་ཀྱི་ལྡེབས་རིས་ལ་བསྟན་པའི་བདག་པོ་ཐུབ་

དབང་ཉན་ཐོས་ཟུང་། གཏེར་སྟོན་པདྨ་གླིང་པ། ཡབ་རིགས་འཛིན་བཀྲ་ཤིས་བསྟན་

འཛིན། གཡས་ཕྱོགས་ཀྱི་གཙོ་བོ་ཨོ་རྒྱན། ཇོ་མོ་གཉིས། གཏེར་སྟོན་རིན་པོ་ཆེ། གཡོན་

དུ་གོང་ས་སྐུ་ཞབས་རིན་པོ་ཆེ་དྲུག་པ། དབུ་ཐོག་ཏུ་ཚེ་དཔག་མེད། ཅེས་པ་དང་། སྤེན་

བད་ལ་ཟངས་ཚ་གསེེར་གྱི་མེ་ལོང་བདུན་རྣམས་ཀྱིས་སྤྲས་པའི་ཁང་བཟང་ལྐོག་བུ་

མགོན་པོ་རབ་བརྟན་གྱིས་དོ་དམ་བྱས་བཞེངས་པ་གནང་ཞིང་སྔ་ལོ་ནས་བཟོ་བཀོད་གྲུབ་པའི་ཡབ་རིགས་འཛིན་བཀྲ་ཤིས་བསྟན་འཛིན་གྱི་དགོངས་རྫོགས་སུ་དངུལ་གྱི་

བྱང་ཆེན་མཆོད་རྟེན་དངུལ་སྲང་བཞི་བཞི་བརྒྱ་དང་སུམ་ཆུ། གསེར་འདམ་ཞེ་དྲུག་

བརྒྱ་བཞི་བཅུ། ཡང།  རྗེ་བཙུན་བཙོང་ཁ་པ། གུ་རུ་མཚན་བརྒྱད། མགོན་པོ་སྡེ་བརྒྱད་

བཅས་པའི་སྐུ་དང། ཞེས་པ་དང་། སྨིན་གླིང་གཏེར་ཆེན་གྱི་རྣམ་ཐར་དུ། ཟླ་བ་བཞི་

པའི་འགོར་རྒྱལ་ཡུམ་གྱིས་ཟངས་རིར་བསྟི་སྟང་ཆེན་པོས་སྤྱན་དྲངས་ཏེ་ཨོ་རྒྱན་གླིང་གྲྭ་གཙང་ལ་ཚེས་བཅུ་མཆོད་པའི་གར་འཆམས་ཀྱི་ཕྱག་ལེན་རྒྱས་པ་ཚུགས་པའི་ཉིན་སྔ་རྟིང་གི་གྲལ་དབུར་ཞབས་བསྐྱོད་ཀྱིས་དངོས་གྲུབ་ལེན་པ་དང་རྗེས་འབྲེལ་དུ་གཏེར་

དབང་ཡང་སྩལ། ཞེས་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་དག་གིས་ར་སྤྲད་ཡོང་སྟངས་སུ་

བལྟས་དུས་ན། སྡེ་སྲིད་ཀྱི་སྐབས་སུ་གསར་བཞེངས་གང་འཚམས་ཤིག་བྱས་ཡོད་པ་ཁོ་

ཐག་རེད་ལ། ད་ལྟའི་ཁ་ཐབས་སྐྱོ་བོ་ལ་བལྟས་ན་བར་སྐབས་ཤིག་ནས་ཉམ་ཆག་སོང་

ཡོད་པའང་གཏན་ཁེལ་རེད། ད་ཆར་ཨོ་རྒྱན་གླིང་ལྷ་ཁང་ནང་དུ། རྡོ་ངོས་སུ་ཡོད་པའི་

༸ཚངས་དབྱངས་རྒྱ་མཚོའི་དབུ་ཞབས་ཀྱི་རྗེས་རེད་ཟེར་བ་དང་། སྐྱབས་མགོན་རིན་

པོ་ཆེའི་བཞུགས་ཁྲི། ཕྱག་དམ། ཨོ་རྒྱན་བཟང་པོ། ཡབ་ཡུམ། ཙེའུ་དམར། དཔལ་ལྡན་

ལྷ་མོའི་གྱང་ཐང་སོགས་སྐུ་གསུང་ཐུགས་རྟེན་ཉུང་ཙམ་ལས་མེད། ལྷ་ཁང་གཤམ་འོག་

གི་མཆོད་རྟེན་དེ་དག་ལ་གཏོར་སྐྱོན་ཐེབས་ཡོད་མེད་རྩད་མ་ཆོད་ཀྱང་། སྤྱི་ལོ་༡༩༣༥

རབ་བྱུང་༡༦ཤིང་ཕག་ལོར་༸གོང་ས་ལྔ་བ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་

ལུང་བསྟན་གཞིར་བཟུང་སྟེ། བོད་གཞུང་ནས་དངུལ་ཊཾ་སྲང་བཞི་བརྒྱ་ལྔ་བཅུ་ཐམ་པ་

གནང་བ་དང་བཅས་བཀས་བསྐུལ་བ་ལྟར། མཚོ་སྣ་རྫོང་སྐུ་ཚབ་བློ་བཟང་རྣམ་རྒྱལ་

དང་། རྟ་དབང་བཞི་སྦྲེལ་སྐུ་ཚབ་ཤར་འཚོ་ཁར་དུང་དགེ་སློང་སླ་ང་གཉིས་ཀྱིས་ལས་

དཔོན་བྱས། མོན་ཡུལ་དག་འཚོ་སྤྱི་དམངས་ནས་ཞབས་འདེགས་ཀྱིས་གསར་དུ་

བཞེངས་ཚུལ་ལྡན་མ་རྒྱལ་སྲས་སྤྲུལ་སྐུས་བྲིས་འདུག ད་ནི་ཚེས་བཅུ་ཉེར་ལྔ་ལ་རིག་

འཛིན་གདུང་སྒྲུབ་ཀྱི་ཚོགས་མཆོད་ཅིག་འབུལ་ས་དང་། ༸སྐྱབས་མགོན་རིན་པོ་ཆེའི་

འཁྲུངས་སྐར་གྱི་མཛད་སྒོ་ཞིག་འཚོགས་ཡུལ་ཙམ་ལས་ཅང་མེད་པས། སྟོང་སེང་ངེ་

དང་སྐྱོ་ལྷང་ངེའི་སྣང་བ་ཞིག་རང་ཤུགས་ཀྱིས་བསྐྲུན་སོང་། རྟ་དབང་དགོན་པར་

གནང་བའི་བོད་གཞུང་གི་”བཀའ་གཏན་”རྙིང་པ་ཞིག་ཏུ་ཡབ་གཞིས་ཨོ་རྒྱན་གླིང་གི་གདུང་རྒྱུད་ཆད་ལ་ཉེ་བས། ཞེས་པའི་བཀའ་ཤོག་ཡོད་ཚུལ་གོ་ཐོས་བྱུང་བ་བཞིན་

བདེན་ནམ། གང་ལྟར་བར་མཚམས་ཤིག་ནས་རྒྱུད་ཆད་པའམ་རྒྱུད་མ་ཟིན་པ་ཡིན་ཏེ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་གནང་བའི་“ཤེ་བམ་”དེ་རྒྱལ་ཡུམ་ཚེ་དབང་ལྷ་མོའི་

འཁྲུངས་གཞིས་བེ་མཁར་དུ་ཡོད། སྐུ་ཞང་དེའི་ནང་དུ་སྲོང་བཙན་སྒམ་པོ་དང་། ཨོ་

རྒྱན་བཟང་པོ། ཡབ་ཡུམ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སོགས་ཀྱི་འབག་སྐུ་འབྱོན་

གཙང་། ཚངས་དབྱངས་རྒྱ་མཚོའི་ཞབས་ལྷམ་རེད་ཟེར་བ་སོགས་དང་མཆོད་ཆ་

འགའ་རེ་མཆིས། སྐུ་ཞང་དོན་གྲུབ་རིན་ཆེན་གྱི་རིགས་རྒྱུད་ལྷ་དབང་རྒྱལ་པོ་དང། ཚེ་

དབང་དོན་འགྲུབ་སྤུན་རྒྱུད་བཅས་མ་སྟོང་པར་མོན་ཤར་ནུབ་ཀྱི་འགོ་གཙོ་དང་སྡེ་

འབངས་བཅས་ཀྱིས་ཤེ་བམ་གྱི་དགོངས་དོན་ཇི་བཞིན་ལག་ལེན་འཁེལ་དགོས་པ་

དང་། བོད་གཞུང་ལ་ཁྲལ་ཀྱང་སྤྲད་མི་དགོས་པ་སྡེ་སྲིད་སྐབས་ཀྱི་དམིགས་བསལ་ཐོབ་

ཐང་ས་ལུག་ཟླ་བ་༡༢ཚེས༢༧ལ་གནང་། དེ་ལྟར་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་

བཀའ་གཏན་“ཤེ་བམ་”རིན་པོ་ཆེའི་གཙོས་བོད་གཞུང་གིས་གནང་བའི་ཐང་གས་

ཚུགས་ཀ་ཡོད་པའི་བཀའ་གཏན་དྲུག་དང་།  བཀའ་ཤོག་ཆེ་ཆུང་བཅུ་གཅིག རྒྱལ་

བའི་སྐུ་ཐང་གི་འོག་ཏུ་ཡི་གེ་ཡོད་པ་གཅིག་སྟེ་བསྡོམས་པའི་བཅོ་བརྒྱད་ཡོད་ལ། ལོ་

མང་གི་དུད་དྲེགས་འགོས་པ་དང་ལྟེབ་བཅག་གི་ཚིགས་ཁ་རལ་བ་སོགས་ཀྱིས་འགའ་རེ་ནི་ཀློག་ཀྱང་ཐུབ་དཀའ། སྤྱིར་བཏང་གིས། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གྲུབ་

རྟགས་བརྟན་པ་རེད་ཟེར་བའི་སྣ་ཚོགས་ཤིག་ཡོད་དེ། དཔེར་ན། རྒྱང་མཁར་བླ་མའི་

ཞབས་རྗེས། རྟ་འདོགས་རྡོ། སེངྒེ་གོར་པོ། བླ་མ་མཁྱེན་གོར་པོ། ཨོ་རྒྱན་གླིང་ཙན་དན་

ཤིང་། བླ་མ་ཞབས་རྗེས་སོགས་མང་དག་ཅིག་ཡོད་ཚོད་རེད། དེ་ཚོ་ཚང་མ་རྫུན་ཡིན་

རྒྱུ་རེད་ཅེས་ལབ་ཀྱིན་མེད་མོད་དེ། དངོས་བྱུང་ལོ་རྒྱུས་ཀྱི་ཁ་རྩ་ནས་རིན་ཐང་ཆེ་ཙམ་

ཞིག་འཇོག་ཐུབ་རྒྱུ་མ་རེད། རང་གི་འདོད་ཕྱོགས་དང་མཐུན་པའི་རྫུན་རེ་བཤད་དེ་སྤྱི་

ཚོགས་ཀྱི་ངག་རྒྱུན་རེད་ཅེས་བསྒྲགས་ནས་མགོ་སྐོར་བའི་གནས་ཚུལ་གང་དུའང་ཡོད་པ་རེད། ངག་དབང་རྡོ་རྗེས་བརྩམས་པའི་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ་

འབོད་པ་དེར། ཚངས་དབྱངས་རྒྱ་མཚོ་སྐུ་གཅེར་བུར་རྡོ་ཕ་བོང་ཞིག་གི་སྟེང་དུ་རྩེད་

མོ་རྩེད་ཀྱིན་ཡོད་སྐབས་ཕ་གཅིག་པའི་ཨ་ཅེ་ཆོས་སྒྲོན་གྱིས་དྲུད་དེ། གཅར་བརྡུང་

བཏང་ཚེ་མདུན་རྒྱབ་ཀྱི་རྗེས་དོད་པའི་གནས་ཚུལ་ལབ་ཡོད་པ་རེད། རྒྱལ་བ་ཚངས་

དབྱངས་རྒྱ་མཚོའི་གྲུབ་རྟགས་སྟོན་མི་ཐུབ་པའི་སྐད་ཆ་ག་ལ་ཡིན་ཏེ། གཏན་ནས་མིན། འོན་ཀྱང་། གསང་རྣམ་དུ་བྲིས་པའི་གནས་ཚུལ་འགའ་ཤས་ངོས་ཟིན་ཐོབ་དཀའ་བར་

མ་ཟད། རིམ་པས་བརྫུན་རྐུབ་བརྡོལ་ཡོང་ཤས་ཆེ་འདོད་ཀྱིན་ཡོད། མཚོ་སྔོན་ཀུན་

དགའ་ནོར་ནས་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་གྲོངས་ཡོད་མེད་ཀྱང་ཕྱོགས་གཉིས་སུ་གྱེས་ཡོད་དེ། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་དང། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་

ཀྱིས་དང་པོར་འདོད་ལ། སོག་པོ་ངག་དབང་རྡོ་རྗེ་དང་ཨ་ལགས་དོར་ཞི་སོགས་ཀྱིས་

གཉིས་པ་བསྒྲུབ། གོང་གི་གསང་རྣམ་གྱི་སྐད་ཆ་དེ་གཞི་རྩར་བཟུང་ནས། ཨོ་རྒྱན་གླིང་

གི་ཉེ་འཁོར་ནས་རྡོ་ཕ་བོང་འགའ་ཞིག་བཙལ་བས་རྙེད་རུང་གང་ཡིན་མ་ཤེས་པས། ལྷ་ཕབ་ཏེ་མོན་སྐད་དུ་“ཁྲོ་ཟེ་”ཞེས་འབོད་པའི་རྡོ་ཕ་བོང་ཞིག་ཨ་ཅེ་ཆོས་སྒྲོན་གྱིས་

ཚངས་དབྱངས་རྒྱ་མཚོ་ལ་གཅར་རྡུང་བྱེད་ས་དང་སྐུ་རྗེས་དཔར་ས་ཡིན་པར་ངོས་

འཛིན་བྱས། འགྲམ་དུ་(འཇིགས་སྐྱོབ་མཐོང་གྲོལ་མཆོད་རྟེན་)ཟེར་བ་ཞིག་ཀྱང་

བཞེངས་བཞིན་པ་རེད། བསམ་བློ་བཏང་ཕྱོགས་ཤིག་གིས་ལྷ་ཕབ་ཏེ་ལོ་རྒྱུས་འཚོལ་

བ་འདི་ཐལ་དྲགས་པའམ་སྤྱི་འགྲོས་ཀྱི་ཁ་ཕྱོགས་འཁྲུག་སོང་བ་རེད་བསམ་བྱུང། དེ་

བས་བཞག་ན་དགའ་བ་ལས། ཕ་བོང་དེར་སྐུ་རྗེས་ཡོད་མེད་ཀྱིས་ཕན་གནོད་ཅི་ཡང་

འགྲོ་ཡི་མ་རེད།

༤༽ རྟ་དབང་དགོན་པ།

གཏམ་རྣ་བའི་བཅུད་ལེན་ལས། སྔར་དབང་སྒྲུབ་གནང་བའི་ས་སྟོངས་དེང་རྟ་ཝང་གི་

དགོན་པ་བཏབ་ནས་སྦྱིན་བདག་སོ་སོས་ལོ་དུས་སུ་མེ་ཏོག་ཏུ་གྲགས་པའི་བསོད་སྙོམས་འཆར་ཅན་འབུལ་བའི་སྲོལ་བཏོད་པ་སོགས་ཕྱོགས་དེར་སྔ་འགྱུར་རྡོ་རྗེ་ཐེག་པ་དར་རྒྱས་སུ་བྱུང་། ཞེས་པ་དེ་བཞིན། ད་ལྟའི་རྟ་དབང་དགོན་པ་ཆགས་སའི་རི་རྩེ་རུ་སྔོན་

གཏེར་སྟོན་པདྨ་གླིང་པས་སྨྱུག་ཁྱིམ་དང་གུར་ནང་ནས་རྟ་མགྲིན་སོགས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་ཏེ་ཉིད་ཀྱི་གཅུང་པོ་ཨོ་རྒྱན་བཟང་པོ་ས་དེར་

རྒྱལ་ཚབ་ཏུ་འཇོག་གནང་མཛད། བཤད་ཚུལ་ཅུང་མི་འདྲ་བ་འགའ་ཡོད་ནའང། རྣམ་

རྒྱལ་ལྷ་རྩེ་ཕྱག་མ་བཏབ་པའི་སྔ་རོལ་དུ་ས་འདིར་དགོན་པ་ཞིག་ཡོད་ལ། གོང་དུ་

བརྗོད་པ་ཇི་བཞིན་ཐོག་མར་པདྨ་གླིང་པས་རྟ་མགྲིན་སོགས་ཀྱི་དབང་སྐུར་ཏེ་དབུ་

བརྙེས་པ་ཡིན་པས། རྟ་དབང་དུ་ཐོགས་པར་བཤད་ན་འགྲེལ་ཆགས་ཤིང། ལོ་རྒྱུས་ཀྱི་

གོང་འོག་སྒྲིག་སྟངས་དང་མཐུན་པར་སྙམས། ༸གོང་ས་ལྔ་བ་ཆེན་པོས་མེ་རག་བླ་

མར་དགོན་པ་འདེབས་ཆོག་པའི་བཀའ་ཡིག་ཏུའང་གོང་གི་གནས་ཚུལ་བཞིན་བཀོད་ཡོད། སྤྱི་ལོ་༡༦༨༠ལོའི་བོད་ཟླ་༩བའི་ཚེས་༢༨ལ་”ཕྱོགས་དེར་ལུགས་གཉིས་དགེ་

ལུགས་ཀྱི་བསྟན་པ་འཕེལ་རྒྱས་ཀྱི་བཀོད་པ། རྫོང་སྡོད་དང་འདི་ག་ནས་མངགས་

རིགས་ཀྱི་ངོ་ཚབ་དང་། མེ་རག་བླ་མ་བློ་གྲོས་རྒྱ་མཚོ་རང་གི་བྱེད་རྒྱུ་ཡིན་པས། སྐྱ་

སེར་དྲག་ཞན་མཐའ་དག་གིས་བླ་མའི་ངག་བཀོད་ལས་མ་གཡོས་པ་བྱེད་གལ་ཆེ་ཞིང་། དེ་བསྟུན་གྱི་བསྟན་པའི་ཞབས་སུ་འགྱུར་བ་བྱུང་ཕྱིན། འདི་ཕྱིར་གཏན་དུ་དགེ་བའི་བདག་རྐྱེན་དང་སྨོན་ལམ་བཟང་པོ་ཁོ་བོས་བྱེད་རྒྱུ་ཡིན་པས་སོ་སོ་ནས་གོ་བར་གྱིས་”བཀའ་ཤོག་ཤེ་བམ་གནང་བ་དང་། ཆུ་སྤྲེ་ཟླ་༡༡ཚེས་༢༣ལ་”རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན་འཛུགས་མི་མེ་རག་བླ་མ་བློ་གྲོས་རྒྱ་མཚོའི་”བོད་གཞུང་གི་བཀའ་ཤོག་གནང་ཡུལ་གྱི་མེ་རག་བླ་མ་མཆོག་༸རྒྱལ་དབང་ལྔ་པ་ཆེན་པོའི་སློབ་མ་ཡིན་པ་རེད། ཐོག་མར་འབྲུག་མེ་རག་སག་སྟེང་ནས་དགོན་པ་འདེབས་རྩིས་གནང་ནའང་། འགལ་རྐྱེན་མང་པོ་འཕྲད་དེ། མོན་རྟ་དབང་དུ་ཕེབས་གནང་པ་རེད། རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་(སྤྱི་ལོ་༡༦༨༠)བདུན་པ་གྲོ་བཞིན་ཟླ་བའི་ཚེས་དྲུག་དགའ་པ་གཉིས་པའི་ཉིན་དགོན་པ་དབུ་འཛུགས་ཀྱི་རྟེན་འབྲེལ་གནང་པ་དང་། སྤྱི་ལོ་༡༦༨༡ལྕགས་མོ་བྱ་ལོའི་ཟླ་བ་བརྒྱད་པའི་ཡར་ཚེས་ལ་ལེགས་པར་བཞེངས་གྲུབ་ནས་རྟེན་འབྲེལ་རྒྱས་པར་བྱས། ཁོང་ཉིད་ཀྱི་འཚམས་ཁང་དང་། ཇོ་མོའི་དགོན་པ་བྱང་ཆུབ་ཆོས་གླིང་ངམ་བྱང་དགོན་ཀྱང་བཏབ། མཁན་རབས་བཞི་བ་འཕྱོངས་རྒྱས་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་“ཤིང་ཁྱི་(སྤྱི་ལོ་༡༦༩༤ཙམ)ཧོར་ཟླ་བཅུ་གཅིག་པའི་ནང་ས་སྐྱོང་མིའི་དབང་པོ་སངས་རྒྱས་རྒྱ་མཚོས་སྔ་སོར་བཅའ་ཡིག་མེད་ན་ས་བོན་གསར་དུ་བཟོས་པའི་༸སྐུ་ཞབས་སུ་འབུལ་དགོས་ཀྱི་སློབ་སྟོན་རིན་པོ་ཆེ་ཕེབས་པ་ལྟར་ཞུས་

ཤིང་། ཤིང་ཕག་ཧོར་ཟླ་དང་པོའི་ཚེས་ལྔ་ནས་ཚོགས་སུ་བསྒྲགས་པའི་ད་ལྟ་བར་འདི་

དོན་གྱི་སྒྲིག་ལམ་ཀུན་སྤྱོད་ཆུ་ལམ་ཞུགས་ཡོད་པ་བཞིན་ལ་ཆ་བཞག མགོ་མཇུག་གི་

མཆོད་བརྗོད་དང་སྨོན་ལམ་འདོད་གསོལ་ཤིས་བརྗོད་དང་བཅས་རྩོམ་སྒྲིག་བྱས་པ་

འདི་ཡང་བླ་མའི་གོ་ས་འཛིན་པ་འཕྱོངས་རྒྱས་པ་ངག་དབང་རྣམ་རྒྱལ་གྱིས་ས་སྟག་(སྤྱི་ལོ་༡༦༩༨ཙམ)ཧོར་ཟླ་བཅུ་པའི་ཚེས་བདུན་གྱི་གཟའ་ཟླ་བ་སྐར་མ་གྲོ་བཞིན་ལེགས་

འཛོམས་ཉིན་རྟ་ཝང་དགའ་ལྡན་ལྷ་རྩེའི་བླ་བྲང་གི་སྒོ་འཕྱོར་སྟེང་དུ་བགྱིས”རྟ་དབང་

དགོན་གྱི་བཅའ་ཡིག་ཆེན་མོ་གཏན་འབེབ་མཛད། དེ་ལྟར་ལོ་འཁོར་སུམ་བརྒྱ་ལྷག་གི་

རིང་ལ་དར་རྒུད་དང་འཕེལ་རྒྱས་ཅི་རིགས་བྱུང་ཞིང་། སྤྱི་ལོ་༡༩༩༧ཟླ་༡༠ཚེས་༡༥ཉིན་

རྟ་དབང་དགོན་པའི་གཙུག་ལག་ཁང་ཉམས་གསོ་ཐེངས་ལྔ་པ་ལེགས་འགྲུབ་ཀྱི་རབ་གནས་སྒོ་འབྱེད་མཛད་སྒོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཕེབས། བཤད་སྲོལ་ལྟར་ན། འདུ་ཁང་རྙིང་པའི་རྩིག་ངོས་སུ་བོད་གཞུང་གིས་”བཀའ་གཏན་”

གནང་བའི་གྲངས་ཀ་དང་དུས་ཚིགས་སོགས་གསལ་བོར་བྲིས་ཡོད་ཚོད་འདུག་ཀྱང་། ད་ལྟ་ནི་མི་མངོན་པའི་དབྱིངས་སུ་ཐིམ་ཚར། སྔོན་ཆད་ཀྱི་རྟ་དབང་བླ་གཉེར་ཁང་

དང་བོད་ཀྱི་བཙོན་ཁང་གི་ཤུལ་དུ། དགོན་པའི་སློབ་གྲྭ་སྟེ། རྟ་དགོན་ནང་ཆོས་རིག་

གཞུང་སློབ་གཉེར་ཁང་བཞེངས་ཤིང་གྲྭ་བ་ཉིས་བརྒྱ་མ་ཟིན་ཙམ་གྱིས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཞག་གིས་མཚན་ཉིད་སོགས་སློབ་གཉེར་བྱེད་ཀྱིན་ཡོད་ལ། ཆོས་ར་ཡང་བཙུགས་ཡོད། གདན་ས་ཁག་ཏུ་སློབ་གཉེར་གནང་གིན་པའི་རྟ་

དབང་དགོན་གྱི་ཁོངས་གཏོགས་ཀྱི་གྲྭ་བ་དང་། གནས་བརྟན་བགྲེས་སོང་སོགས་

བསྡོམས་པའི་དགེ་འདུན་པ་ལྔ་བརྒྱ་ཙམ་མཆིས། མོན་ཡུལ་གྱི་དགོན་ཆེན་ཨང་དང་

པོ་ཡིན་པར་མ་ཟད། དགོན་རྙིང་གི་གྲས་སུ་ཡང་ཐེ་བས་ཞིབ་འཇུག་ཅུང་ཙམ་བགྱིད་

ཁུལ་གྱིས་བྲིས་པ་ཡིན། མོན་ཡུལ་གསལ་བའི་མེ་ལོང་དུ་བཀོད་དོན་ལྟར་ན། ཁྲོམ་སྟེང་

སོགས་རྟ་དབང་ཡན་ལག་ཏུ་དགོན་པ་དང་ལྷ་ཁང་༡༧ཡོད་པར་བཤད། བོད་རབ་

བྱུང་བཅུ་བདུན་པའི་ས་གླང་ཟླ་༩ཚེས༢༡དང། སྤྱི་ལོ་༢༠༠༩ཟླ་༡༡ཚེས་༨ཉིན་ ༸གོང་ས་

སྐྱབས་མགོན་ཆེན་པོས་སྒོ་འབྱེད་གནང་བའི་རྟ་དབང་དགོན་པའི་འགྲེམ་སྟོན་ཁང་དུ་གནའ་བོའི་ཁྲབ་རྨོག་དང། ཚོགས་ཟངས། ཚངས་དབྱངས་རྒྱ་མཚོའི་རེད་ཟེར་བའི་

སིལ་སྙན་ཆུང་ངུ་དང། མདའ་གཞུ། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གནང་བའི་རྡོལ་དྲིལ་

སོགས་གནའ་བོའི་མི་རིགས་ཀྱི་ལག་རྩལ་མངོན་པར་མཚོན་པའི་གནའ་རྫས་མང་

ཙམ་བཤམས་འདུག སྔོན་མར་སྤྱི་ཁང་སོགས་ཀྱི་ཐོག་ཁར་”ལྕོག་པང་”ཤིང་ཁོ་ནས་

བཀབས་ཏེ་ཚུགས་ལེབ་ཡིནའང་། ཤིང་ལེབ་འབུས་བཟས་པ་དང་ཐིགས་ཆུ་མི་ཚོག་

པ་སོགས་ཀྱི་དབང་གིས། སྤྱི་ལོ་༡༩༨༤ཙམ་ལ་གྲྭ་ཤག་ཆ་ཚང་གི་སྟེང་ལྕགས་ལེབ་ཀྱིས་

བཀབས་ཏེ་སྒལ་ཟོར་ཅན་དུ་བསྒྱུར་བ་ཙམ་ལས། བཀའ་འགྱུར་ལྷ་ཁང་གི་མཚོན་

པའི་ཕྱོགས་ཀྱི་སྒོ་ཆེན་དང་། གྲྭ་ཤག་རེ་རེའི་བཟོ་བཀོད། ཝ་ཁ་ཐིགས་ཚགས་སོགས་

ཅི་ནས་བལྟས་ཀྱང་དབུས་གཙང་གི་དགོན་རྙིང་ཞིག་གི་སྣང་སྙན་ལྷང་ངེར་འཆར་ཡོང་། བ་སོ་ཐུབ་བསྟན་ཆོས་རྒྱལ་ལགས་ཀྱིསཧིན་དམག་གིས་མོན་རྟ་དབང་ས་ཁུལ་

མིག་ཟོས་བྱས་སྐོར་དངོས་མཐོང་གནས་ཚུལ་ཁ་ཤས།ཞེས་པ་ལས། རྟ་དབང་

དགོན་པའི་མཁན་པོ་དང་གཉེར་ཚང་བོད་ས་གནས་སྲིད་གཞུང་ནས་སྐོ་འཐེན་བྱེད་

པ་དང་། དེ་མིན་ལས་སྣེ་གཞན་དག་ཀྱང་སྲིད་གཞུང་ངམ་ཡང་ན་འབྲས་བློ་གླིང་གྲྭ་

ཚང་ནས་བསྐོ་འཐེན་བྱེད་པ་མ་ཟད། ཞེས་དང་ཡང་། སྐབས་དེའི་ས་ཁུལ་དེའི་འགོ་

གཙོ་རྟ་དབང་དགོན་པའི་མཁན་པོ་འབྲས་བློ་གླིང་གྲ་ཚང་གིས་མངགས་གཏོངས་བྱས་པའི་དགའ་ལྡན་གསེར་ཀོང་སྤྲུལ་སྐུ་དང་། ཞེས་སོགས་གསུངས་གསལ་ཏེ། སྤྱི་ཚོགས་

རྙིང་བར་མཁན་པོ་གདན་ས་ནས་གཏོང་སྲོལ་ཡོད་ནའང། སྤྱི་ལོ་༡༩༦༧ཟླ་༣ཚེ༡༣སྟེ། མེ་ལུག་ཟླ་༡ཚེས་༢༨ཉིན་རི་སྐྱ་སྤྲུལ་སྐུ་ཐུབ་བསྟན་དགེ་ལེགས་ཀུན་མཁྱེན་མཆོག ༸གོང་ས་སྐྱབས་མགོན་ཆེན་པོས་བཀའ་ཡིག་གནང་པ་ཇི་བཞིན་རྟ་དབང་གི་མཁན་ཁྲིར་ཕེབས། དེ་རྗེས་ལྡན་མ་རྒྱལ་སྲས་སྤྲུལ་སྐུ་བྱམས་པ་འཕྲིན་ལས་ཐུབ་བསྟན་རིན་

ཆེན་ནས་ད་ལྟའི་མཁན་པོ་ལས་ཐོག་པ་གུ་རུ་སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས་རྣམ་

རྒྱལ་བར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་བསྐོ་བཞག་མཛད། བར་ཤ་གཏོང་སྒོ་

དང་། བླ་ཁག ནང་མ་ལས་ཚན། མཚམས་དགེ་རྒན། སྟག་ལུང་རྫོང་། ཆབ་རིལ། སྤྱི་པ། རྒན་པ་གཏོང་སྒོ་སོགས་ལས་སྒོ་མང་ནའང། ༸གོང་ས་མཆོག་གི་བཀའ་མོལ་གནང་

བ་ནང་བཞིན་ད་ལྟ་སྤྱི་ཐབ་ཅན་དུ་བསྒྱུར་ཏེ་དཀའ་ཁག་དག་རིམ་པས་སེལ་ཡོད་ལ། གྲྭ་ཚང་གི་འཚོ་བའི་མ་རྩ་ཡང་གང་འཚམས་ཤིག་ཞོག་ཡོད་ཚོད་རེད། ལོ་སར་གྱི་

འཆམ་དང་གཏོར་རྒྱག་རྒྱས་སྤྲོས་ཆེ་ཙམ་ཡོད་པས་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་

དུས་ཚོད་ཡིན་པར་བཤད། ”རྟ་དབང་དུང་ཕྱུར་ཆེན་མོ་”ཞེས་བོད་ཟླ་༡༡པའི་ཚེས་༨

ཉིན་ནས་མ་ཎི་རིལ་སྒྲུབ་ཀྱི་བསྙེན་རྒྱུན་གསོག་སྲོལ་ཡོད། སྒྲིག་ལམ་ཀུན་སྤྱོད་དང་

ཚོགས་དུས་མཆོད་སོགས་དགེ་ལུགས་པ་སྤྱི་འགྲོས་ཀྱི་ཕྱག་སྲོལ་དང་མཐུན་པ་འདྲ། མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་རྟ་དབང་དགོན་པར་རྒྱུས་ལོན་བྱ་འདོད་ཡོད་འཁན་ཚོསམོན་ཡུལ་གསལ་བའི་མེ་ལོང་དངདགའ་བའི་དཔལ་སྟེར་སོགས་སུ་དྲང་ཕྱོགས་ཀྱིས་གཟིགས་པར་འཚལ། རྟ་དབང་ཞེས་པའི་དགོན་མིང་དེ་ཁྱབ་རྒྱ་ཆེ་རུ་

ཕྱིན་ནས་རྟ་དབང་ཞོལ་བའམ་རྟ་དབང་གྲོང་སྡེར་འབོད་པ་དང། ད་ལྟ་རྫོང་ཞིག་གི་

མིང་དུ་གྱུར་སོང་བ་རེད། །

༥༽ མོན་ཡུལ།

བསམ་བློའི་ཁོག་རྒྱ་ཆེ་ཆུང་དང་། དངོས་ཡོད་ཀྱི་འབྲེལ་ཟམ་ལ་རྐང་བཙུགས་ནས་ཉེ་

བར་བགྲོད་སྟངས་ཡོང་མིན་གྱི་ཁྱད་པར་བྱུང་ཡོད་ནའང་། ང་རང་ཚོ་ཚང་མ་མི་ཡིན་

པས། བཙན་པོ་དང་། ཕྱུུག་པོ། དཔུང་ཁག་སོགས་ཀྱི་རྩ་ལ་མཐའ་གཅིག་ཏུ་མི་རྒྱུགས་

པར། ཁ་སྤྱི་ཁྱབ་བམ་འཛམ་གླིང་ཅན་དུ་ཕྱོགས་ཏེ་སེམས་བསམ་པས་ལྟ་ཐུབ་ན། ས་

གང་དུ་སོང་ཡང་རང་གི་ཕ་ཁྱིམ་དྲོན་མོ་ཅི་ལ་མིན། ངས་འདི་ནས་འཛམ་གླིང་གི་ས་

ཐིག་ལས་(Asia)ཤར་མའི་ས་ཁྱོན་ཆུང་ངུ་སྟེ། བོད་ལྷོ་ཕྱོགས་ཀྱི་སྡེ་པ་ཞིག་གི་གནས་

ཚུལ་ཆེས་སྤྱིར་བཏང་བའམ་རགས་རིམ་ཙམ་ངོ་སྤྲོད་ཁུལ་བྱེད་ཀྱིན་ཡོད། ས་གཞི་

རིན་པོ་ཆེའི་ཆ་ཤས་ཆུང་ངུ་འདི་ཡང་འགྲོ་བ་མི་འགྲོ་འོང་བྱེད་ས་དང་འཕེལ་རྒྱས་

བྱུང་ས་ཡིན་པས་དེ་ལ་དེ་བསྟུན་གྱི་ཚད་གཞི་འཛིན་ཆོག་པའི་གལ་ཆེའི་རྒྱུ་ཆ་དག་གི་བྱུང་རིམ་ཡོད་པ་སྨོས་ཅི་ལ་དགོས། རྒྱལ་ཁབ་དང།  མི་རིགས་ས་ཁུལ། ཚོ་བ་བྱེ་ཕྲག་

པ་དེ་ཀུན་རྒྱ་ཆེ་ཆུང་གིས་དར་རྒུད་ཅི་རིགས་བྱུང་བ་བཞིན། སྔོན་ཆད་ལྷོ་མོན་ཞེས་

བཤད་དེ། དེ་རིང་གི་མོན་པའི་ས་ཁྱོན་ལས་ཆེ་བ་ཡོད།  གཏམ་རྣ་བའི་བཅུད་ལེན་

ལས། སྦས་ཡུལ་སྐྱིད་མོ་ལྗོངས་སམ་ལ་འོག་ཡུལ་གསུམ་མམ་ཚོ་གསུམ་དུའང་གྲགས་

པ་ལུང་པ་ཕུ་ཆུང་བ་མདའ་ཆེ་བ་དབྱིབས་པདྨ་འདབ་བརྒྱད་ཁ་ཆེ་བ་ལྟ་བུ། རྒྱབ་རི་

དར་དཀར་གྱི་ཡོལ་བ་དང་། མདུན་རི་ཆོས་ཞུ་བ། གཡས་རི་དཔའ་བོ་གདན་ལ་

བཞུགས་པ། གཡོན་རི་མཁའ་འགྲོ་གར་བྱེད་པ། རྩི་ཤིང་རྣམས་དམ་ཚིག་སེམས་

དཔའ་ལས་ལ་གཤེགས་པ། བྲག་རི་ཐམས་ཅད་ཡེ་ཤེས་སེམས་པ་དབྱིངས་ནས་

གཟིགས་པ་ལྟ་བུའི་དབུས་ས་གཞི་རྒན་པོའི་ངག་རྒྱུན་གསེར་གྱི་གཞོང་པ་འདྲ་ཟེར་

ཡང་མཆོད་པའི་མཎྜལ་ཕུལ་བ་བཞིན་ལ་མ་རྨོས་ལོ་ཏོག་དང་། མཐིལ་དམའ་བ་ལ་

རྒྱ་ཟས་ཀྱི་འབྲུ་བཅུ་གསུམ། བར་ན་མོན་ཟས་ཀྱི་འབྲུ་བཅུ་གསུམ། རྩེར་བོད་ཟས་ཀྱི་

འབྲུ་བཅུ་གསུམ་སྐྱེ་བ་མ་བཏབ་པའི་ལོ་ཏོག་བསམ་གྱིས་མི་ཁྱབ་པ། ཞེས་གནའ་མི་

དག་གི་ས་དཔྱད་བྱེད་སྟངས་སམ་བཤད་སྟངས་ཀྱིས། ཤར་ཚོ་དང། བསེ་རུ་ཚོ། ལྷའུ་ཚོ་

སྟེ། ལ་འོག་ཡུལ་གསུམ་གྱི་ས་དབྱིབས་དང་ཐོན་ཁུངས་ཀྱི་ཕྱོགས་ཙམ་བསྟན་པ་རེད།

མོན་རྩེ་རྒྱལ་སོགས་ཀྱིས་ལོ་སྟོང་གི་གོང་ནས་ཀྱང་བདག་བཟུངས་བྱས་ཤིང་ས་ཆ་

འདིའི་ཐོན་ཁུངས་སུ་ལོངས་སྤྱད་དེ་འཚོ་བ་རང་སྐྱོང་ཙམ་ཐུབ་པའི་ས་གནས་ཁྱད་

པར་བ་ཞིག་ཡིན་པར་འདོད། ད་ལྟའི་ཆར་ཡང་སྲོལ་རྒྱུན་རིག་གནས་ལག་རྩལ་

ཚབས་ཆེན་གྱིས་ཉམས་འོག་ཏུ་མ་ལྷུང་པར་སྔོན་མིའི་འཚོ་བ་སྐྱེལ་སྟངས་ཀྱིས་སྟངས་འཛིན་གང་འཚམས་ཤིག་བྱེད་ཀྱིན་ཡོད། བོད་ཀྱི་ས་ཁུལ་འདྲ་མིན་ནས་ཕྱོགས་འདིར་

གནས་སྤོས་ཤིང་གཞིས་ཆགས་པར་མ་ཟད། ལྷ་སྲས་གཙང་མའམ་བོད་ཆོས་རྒྱལ་གྱི་

གདུང་རྒྱུད་ཅེས་བཙན་པོའི་བུ་རྒྱུད་ཀྱང་ཉི་ཟླ་དང་ཁ་ཐག་ཉེ་བའི་རི་ཀླུང་འདིའི་ཚལ་དུ་མཆེད་དེ་ཡུལ་ཁམས་སུ་དབང་སྒྱུར་ཚུལ་བཤད། མོན་པའི་ལོ་རྒྱུས་ཁ་དྲོ་ཞིང་ཁུངས་

ཐུབ་པ་ཞིག་ཡིག་ཐོག་ཏུ་འཁོད་ཐུབ་མེད་པས། གསལ་ལྷང་ངེ་དང་དག་གཙང་ངེ་

ཞིག་སུས་ཀྱང་བརྗོད་མི་ཐུབ་པའི་ཚད་དུ་ཡོད་མོད་ཀྱངམོན་ཡུལ་གསལ་བའི་མེ་

ལོང་དངསྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་སོགས་ནས་དབྱིབས་མགོ་

ཙམ་ཧ་གོ་ཡོང་གི་རེད། ཤར་ཉི་མ་མཚོ་གསུམ། ལེས་པོ་ཚོ་བཞིདང་། སྤངས་ཆེན་ལྡིང་དྲུག དྭགས་པ་ཚོ་བརྒྱད། སྦྲང་ནང་ཚོ་དྲུག རོང་ནང་ཚོ་བཞི། ཤ་འུག་ཧྲོ་བྱང་དྭགས་བཅས་སོགས་ཚོ་ཁག་ཀྱང་མང་ཙམ་གྱེས། རྒྱང་མཁར་རྫོང་དང་། སེངྒེ་རྫོང་། སྟག་ལུང་རྫོང་། སྡེ་རང་རྫོང་སྟེ། སྔར་གྱི་རྫོང་ཁག་བཞི་ཡིན་ལ། སྡེ་རང་རྫོང་ཁང་གི་འོག་ཏུ་བོད་ཀྱི་བཙོན་ཁང་ཀྱང་ཡོད་པར་བཤད། ད་ལྟའི་གྱང་རོ་འདི་དག་གིས་ལོ་རྒྱུས་སུ་ནུས་པ་མཐུ་ཅན་ཞིག་བསྟན་པར་སེམས། རྫོང་ཁག་དེ་དག་ནས་འབྲས་དང་ཤིང་སོགས་ཀྱི་ཁྲལ་བསྡུས་ཏེ། ལྷོ་ཁ་སྤྱི་ཁྱབ་མཚོ་སྣ་རྫོང་བརྒྱུད་དེ་ལྷ་སར་ཕུལ་ནའང་། རྐྱེན་འདྲ་མིན་གྱི་ཚང་བཅས་པའི་སྟབས་ཀྱིས། རྟ་དབང་དང་འབུམ་སྡེ་ལ་སྟེ་མོན་ཡུལ་རྫོང་ཁག་གཉིས་སུ་བགོས་ཏེ་(Arunachal pradesh)མངའ་སྡེའི་རྫོང་ཁག་བཅུ་

དྲུག་གི་གྲས་སུ་ཐེ་སོང་བ་རེད། ཆབ་སྲིད་ཀྱི་འཕོ་འགྱུར་དེས་ སྤྱི་ལོ་༡༩༥༡ནས་བོད་

གཞུང་གིས་ཁྲལ་བསྡུ་བའི་མཚམས་བཅད། ས་མཚམས་ཀྱི་གནད་དོན་དེའི་རྒྱུ་རྐྱེན་

གྱིས། སྤྱི་ལོ་༡༩༦༢ལ་རྒྱ་དཀར་ནག་གི་དམག་འཁྲུག་བརྒྱབ། རྟ་དབང་དུ་ཡོད་པའི་དམག་མིའི་འགྲེམ་སྟོན་ཁང་ལ་བལྟས་ན། དེ་དུས་རྒྱ་གར་གྱི་དམག་མི་༢༤༢༠ཤི་བསད་ཀྱི་རྐྱེན་ལམ་དུ་སོང་། མོན་ཤ་འུག་སྟག་སྒོ་ལྷ་ཁང་དང་། སྤང་ཆེན་སྒོ་ཟམ་མཆོད་རྟེན་ཆེན་མོ། རྨོ་ཚོད་ཟངས་མདོག་དཔལ་རིའི་ལྷ་ཁང་སོགས་གནས་རི་གྲགས་ཅན་དང་སྐུ་གསུང་ཐུགས་རྟེན་མང་ཙམ་བཞེངས་བསྐྲུན་གནང་ཡོད། གསར་རྙིང་གི་སྐྱེས་ཆེན་མང་པོས་ཡུལ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་རྣམ་ཐར་མང་ལ་། རྟ་

དབང་དགོན་དང་། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་སོགས་གཙོར་བཞག་གིས་

སློབ་གྲྭ་ཁག་ཏུའང་བོད་ཡིག་འབྲི་ཀློག་སྦྱོང་གསུམ་ཅུང་ཙམ་ཡོད། ཡིག་གཟུགས་ཡག་

བཙོག་དང་དག་ཆ་ཡོད་མེད་ལ་མ་ལྟོས་པར་རྟ་དབང་ཕྱོགས་ཀྱི་ཟ་ཁང་དང་ཚོང་ཁང་

མང་ཆེ་བར་བོད་ཡིག་གི་སྒོ་བྱང་བཀལ་འདུག ལུང་བ་རེ་ལ་སྐད་རེ་ཟེར་བ་བཞིན་

བོད་སྐད་ཀྱི་སྒྲ་ཟུར་འདྲ་མིན་ཆགས་ཏེ་ཕན་ཚུན་བརྡ་གསལ་བོར་མི་འཕྲོད་དེ། རྒྱལ་

རོང་དང་། ཐེ་བོ། ཐོ་ཅ། རྟའུ་སོགས་སུ་ཡུལ་དེའི་སྤྱི་སྐད་དང་མི་མཐུན་པའི་སྐད་བརྡ་

རིག་པའང་བྱུང་ཡོད། འོན་ཀྱང་བོད་སྐད་ཡིན་མིན་ལ་དོགས་པ་ཟ་མི་དགོས་སྟེ། མི་

རིགས་གཞན་པའི་རིགས་གནས་དང་མ་འབྲེལ་བར་བོད་རང་ས་བྱུང་བའི་སྐད་

རིགས་དང་སྒྱུ་རྩལ་སོགས་གང་ཞིག་ཡིན་ཡང་བོད་ཀྱི་ཐུན་མིན་གྱི་རིག་གནས་ཡིན་པ་རེད། མོན་སྐད་ཡང་དེ་བཞིན་སྟེ་ཟུར་ཅུང་ཙམ་ཆགས་པའི་བོད་སྐད་རེད།  མདོ་

ཁམས་པའི་དབུས་གཙང་གི་སྐད་བཤད་པ་ལས་མོན་པའི་དབུས་སྐད་དེ་གཙང་ཞིང་

དག་པ་ཡོད། རི་ཆུ་མཚོ་གསུམ་སོགས་གང་ལ་བསམས་ཀྱང་ཡུལ་སྐོར་སྤྲོ་འཆམ་པའི་

གནས་ཡུལ་ཆེན་པོར་གྱུར་རྒྱུ་ཡིན་པ་བཤད་ཚོད་ཐིག་གི་ཡོད། ཡུལ་འདིའི་དཔལ་

འབྱོར་གྱི་གནས་ཚད་མཐོན་པོ་ག་ལ་ཡིན་རུང་། ལམ་ལས་ངལ་རྩོལ་བ་དང། ཁང་

ལས་ངལ་རྩོལ་བ་སོགས་ཡུལ་མི་རང་ཉིད་ཀྱི་བྱེད་ཀྱིན་ཡོད་པའི་རྣམ་འགྱུར་ཤུགས་ཆེ་ལ། རྡ་རམ་ས་ལའི་བོད་མི་ཚོ་ལས། ལྡབ་མང་པོས་ངལ་རྩོལ་ཅན་གྱི་མིའི་རང་བཞིན་

ཡོད་པ་གསལ་བོ་རེད། བདག་ཉིད་བདག་གི་མགོན་ཡིན་པའི་ཉམས་མྱོང་ཕྲ་མོ་ཞིག་

ཀྱང་ཐོབ་ཡོད་ཚོད་རེད། སྐུ་ཞབས་རྡོ་རྗེ་མཁའ་འགྲོ་(chief minister dorjee khandu)ལགས་ཀྱི་སྐུ་ཚེ་མ་བརྟན་པ་དེས་མོན་ཡུལ་གསར་པ་འཛུགས་སྐྲུན་བྱེད་པ་ལ་སྒོ་གང་ས་ནས་གནོད་སྐྱོན་ཚབས་ཆེན་ཐེབས། ཁོང་ནི་འབད་བརྩོན་དང་ཉམས་

མྱོང་གི་ཐེམ་སྐས་བརྒྱུད་དེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་གྱུར་བའི་མོན་པའི་སྲིད་

དོན་པ་གྲགས་ཅན་དེ་རེད། ལྡི་ལི་དབུས་གཞུང་གི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་

མོན་ཡུལ་ལ་ཕེབས་གྲབས་ཡོད་པར་བསྒྲགས་པས། མགྲོན་བསུའི་གྲ་སྒྲིག་གི་ཆེད་དུ་

ཐེངས་འདིར་ཁོང་རྟ་དབང་དུ་ཕེབས་རུང་། ཚོགས་གཙོ་མཆོག་ཕེབས་མ་ཐུབ་པར་

བརྟེན། སྤྱི་ཟླ་༤ཚེས༣༠ཉིན་གྱི་ཞོགས་པར་ཁོང་དང་། སྐུ་སྲུང་ཡེ་ཤེས་ཆོས་གྲགས། རྟ་

དབང་སྤྱི་འཐུས་ཚེ་དབང་དོན་གྲུབ་ཀྱི་སྲིང་མོ་ཡེ་ཤེས་ལྷ་མོ། གནམ་གྲུའི་ཁ་ལོ་བ་

གཉིས་བཅས་ཕྱིར་ཀློ་ཡུལ་གྱི་སྲིད་འཛིན་ལྟེ་བ་སྟེ་(Itanagar)འཕུར་རྒྱུ་ཡིན་ནའང་། སྟབས་མ་ལེགས་པར་ཟེ་ལ་རི་རྩེ་ནས་གནམ་གྲུའི་ཁ་ཡར་ལ་འཁོར་ཏེ་ས་མཚམས་ཀྱི་འབུམ་ལ་དང་ཁ་ཐག་ཉེ་བའི་ལུ་གུ་ཐང་གི་རི་ངོས་སུ་བརྡབ་སྐྱོན་བྱུང་སྟེ་ཁོང་འཁོར་

དང་བཅས་པ་འདས་གྲོངས་སུ་ཕྱིན་པ་རེད། ང་དགུ་ལོའི་རྐྱེན་ངན་འཕྲད་དེ་མཚོ་སྣ་

གཙོས་པའི་ས་ཁུལ་འདྲ་མིན་ནས་ཡུལ་དེར་བོད་མི་གང་འཚམས་ཤིག་འབྱོར་བ་དང་། སྐུ་ཞབས་བསྟན་པ་འཕྲིན་ལས་ཀྱི་མིང་ཐོག་ནས་སྤྱི་ལོ་༡༩༧༢ལ་བཙུགས་པའི་གཞིས་ཆགས་ཀྱི་མིང་འགྱུར་ཏེ། ད་ལྟ་བསྟན་འཛིན་སྒང་འབོད་པའི་གྲོང་སྡེ་བཞི་ཡོད་པ་དེར་

བསྡོམ་པའི་མི་བརྒྱད་བརྒྱ་ལྷག་ཡོད། དེ་མིན་གཞིས་ཆགས་དེའི་ཁྱབ་ཁོངས་དང་། ས་

གནས་བདེ་དོན་གྱི་ཐོ་གཞུང་དུ་འཁོད་པར་གཞིགས་ན། མོན་ཡུལ་དུ་ཚོང་ལས་སོགས་

ཀྱིས་འཚོ་བ་རང་སྐྱོང་བྱེད་པའི་བོད་མི་དགུ་བརྒྱ་ལྷག་ཀྱང་ཡོད་པ་རེད། རང་ཉིད་ཀྱི་

སྤྱི་ནང་གསང་གསུམ་དོར་ཞིག་གི་ཡོད་ནའང།  མིའི་སྟེང་ལ་ཁ་ཆེན་པོ་གདེངས་སྟེ། རྒྱལ་ཁབ་རིང་ལུགས་པ་དང་། མི་རིགས་རིང་ལུགས་པའི་བསམ་བློས་ཅུང་ཙམ་བལྟས་

དུས་ང་ལ་ཕངས་སེམས་སམ་སེམས་ཁྲལ་ཞིག་རྒྱུད་མར་སྐྱེས་པ་དེ། ད་ལྟའི་མོན་པའི་

གནས་བབ་འདིས་མ་འོངས་པའི་ཁ་ཕྱོགས་གང་དུ་བརྫངས་འགྲོའམ་བསམ་པ་ཡིན། འུ་ཚོས་མི་རིགས་ཀྱི་རྩ་བའི་གནད་སྒོ་སྲུང་སྐྱོབ་བྱ་དགོས་ཚེ་སྐད་ཡིག་གི་ཉམས་ཆག་

ལས་རྣམ་པར་རྒྱལ་དགོས་ན། མོན་ཡུལ་ལ་ཉེན་ཁ་དེའི་མནན་འདུག་སྟེ། སྦྲགས་སྐད་

ཀྱིས་རི་ལུང་སྦྲེལ་གྱིན་ཡོད་པ་བཤད་མ་དགོས་ལ། མོན་ནང་ཁུལ་དུའང་ཅུང་མ་འདྲ་

བའི་ཡུལ་སྐད་ཡོད་པ་ལ་ཁ་གཡར་ཏེ་རྒྱ་སྐད་སྤྱི་སྐད་ཀྱི་ཟོལ་གྱིས་གྲག་གིན་ཡོད། ལྷག་

པར་ཏུ། རྒྱ་གར་བ་དང་། བལ་པོ། ཀློ་པ། བོད་པ་བཅས་མི་རིགས་མང་ཙམ་གྱི་འཚང་

ཁ་ཆེ་བའི་འབུམ་སྡེ་ལར་མོན་པའི་ཁྱད་ཆོས་ཡོད་ཚད་མངོན་པ་མི་གསལ་བའི་ཚུལ་

དུ་གྱུར་ཟེར་ནའང་བརྫུན་དུ་མི་འགྲོ། དེ་བཞིན་མིའི་ཁྲག་རྒྱུན་འདྲེས་ཤིང་། སྐད་ཀྱི་སྒྲ་

གདང་འདྲེས་སོང་དུས། སྒལ་ཚིགས་དྲང་པོར་བསྲིངས་ཤིང་། དྲན་པ་མངོན་དུ་བཞག་

ཏེ་འཕག་ཚག་སྟོབས་པོ་ཆེ་རྒྱག་རྒྱུ་ནི་ཧ་ཅང་གི་དཀའ། ད་དུང་རྒྱ་གར་གྱི་མི་སེར་

གནས་སྤོས་ཀྱི་ས་ཁུལ་དུ་བསྒྱུར་སོང་ཕྱིན། འབུམ་སྡེ་ལའི་འཁྲུག་ཆ་དེ་རས་ལ་སྣུམ་

ཐིག་གིས་ཁྱབ་པ་བཞིན་ཡར་ཡར་ཟིན་ཏེ་མོན་ཟེར་བ་རྟ་དབང་ཞོལ་བ་ཙམ་ལས་

མཛུ་གུ་འཛུགས་ས་མ་ལྷགས་ན། ལྷོ་མོན་པའི་ཡོད་ཚད་ལ་བདེ་མོ་བཞག་ཚར་བ་མ་

ཡིན་ནམ། དེས་ན་མི་འབོར་ཆིག་འབུམ་(ལྷག)ཙམ་ལས་མེད་ནའང་། སྦས་ཡུལ་སྐྱིད་

མོ་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ས་ཁུལ་རང་མཚན་པའི་མགོ་རྣ་འཛིན་འདོད་ན། དེ་

རིང་ནས་འགོ་བཙུགས་ཏེ་བསམ་ཤེས་ཆེན་པོས་སྒོ་གང་ས་ནས་འབད་བརྩོན་གནང་

རོགས། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༥ཉིན་རྡ་རམ་ས་ལར་གཙང་ཞོལ་བདེ་གསལ་གྱིས་མཇུག་བསྡུས་སོ།།

རྒྱ་ཆེའི་གཟིགས་མཁན་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། འདིར་དྲངས་པའི་ལུང་ཚིག་དེ་དག་མ་ཡིག་ཇི་མ་ཇི་བཞིན་དུ་བཀོད་པ་ལས། ཡིག་ནོར་བསལ་བ་སོགས་བཅས་བཅོས་གང་ཡང་བྱས་མེད།  དེས་ན། དེ་ལུགས་ཀྱི་ཐུགས་གཏད་བློ་འཇོག་གནང་རྒྱུ་མཁྱེན།

One Response

  1. ལོ་འགའ་ཤས་སྔོན་ནས་མོན་རྟ་དབང་སྐོར་གྱི་ལོ་རྒྱུས་ཀྱི་ཡིག་ཆ་ཁ་ཤས་བསྡུ་རུབ་བྱེད་ཀྱིན་ཡོད། རྩོམ་ཡིག་འདི་དངོས་གནས་ཕན་ཐོག་ཆེན་པོ་འདུག ཐུགས་རྗེ་ཆེ་ལགས།

མཆན་སྤེལ་ཡུལ་ནི་ བོད་ལ་དགའ། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།