ཐང་ཆད་པ།

སོག་ཤུལ་མེ་སྟག
ཀླད་པའི་ནང་དུ་སྨུག་པ་འཐིབ
ས་སྲོད་དང་ཉེ་བའི་དུས་ཚོད་ཁོ་ན
མིག་ནང་དུ་འཁྱིལ
སྟོང་སང་སང་གི་ནམ་ཟླ་འདི་ཅི་ཞིག
རྨི་ལམ་གྱི་ཡལ་གའི་སྟེང་དུ་གནས་པའི་ཁྱོད་ཀྱི་ཆགས་སྡང་གི་ལན་བུ་སླེ་བཞིན་སྙིང་བོ་མེད་པ་དག་དང་ལྷན་དུ་ཆས་སོང
དུས་ཚིགས་འདི་འདྲ་ཞིག་ལ
ཡ་ཆུང་ལག་པས་སྐྱོར་བཞིན
མིག་ཟུང་ཆུ་ཡིས་བརླན་དེ
གྲིབ་མར་ཞེན་པའི་རྣམ་ཤེས་འདི
ཐང་ཆད་བྱུང

ཕྱི་ལོ་༢༠༡༧ཕྱི་ཟླ་༧ཚེས་༡ ལ་སྦྱར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།