གསེར་རྟའི་དྲ་ཚིགས་ཀྱི་ཡོངས་ཁྱབ་རྩོམ་བརྡ་གསལ་བསྒྲགས།

༄༅། །ཤ་རུས་ཀྱི་འབྲེལ་ཐག་དམ་ཞིང་། རིགས་ཞེན་གྱི་དུང་བ་ཟབ་པའི་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ལ་སྙན་སྒྲོན་ཞུ་རྒྱུར། བོད་རྒྱལ་ལོ་༢༡༤༢ དང་ཕྱི་ལོ་༢༠༡༥ ལོར་རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་སྐལ་བཟང་གི་གོ་སྐབས་དང་བསྟུན་ཏེ། བཞུགས་སྒར་རྡ་རམ་ས་ལ་རུ་གསེར་རྟའི་གནད་ཡོད་མི་སྣ་མཉམ་འཛོམས་ཐོག་དབལ་ཤུལ་(གསེར་རྟའི་དྲ་ཚིགས་)འདི་དབུ་འབྱེད་བྱས་ནས་མདུན་སྐྱོད་བྱེད་བཞིན་པའི་སྐབས་ལགས་ཤིང་། ད་དུང་དྲ་ངོས་འདིར་འཇུག་རྒྱུའི་རྩོམ་ཡིག་དགོས་གལ་ཆེ་བར་འདུག་པས། འཆི་གསོན་གྱི་སོ་མཚམས་ལ་བསླེབས་པའི་བོད་སྐད་ཡིག་གི་ཚེ་སྲོག་དམིགས་འབེན་དུ་བཟུང་ནས་ཚེག་ཁྱིམ་༥༠༠༠ ལས་མ་བརྒལ་བའི་རྩོམ་ཡིག་གང་མང་གནང་རོགས་ཞུ་རྒྱུ་དང་། གསལ་བོར་ངེས་དགོས་པ་ཞིག་ལ། རང་རེ་ཁ་བ་གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་གཅིག་པུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལ་གཞི་མེད་སྒྲོ་སྐུར་རམ་དྲིན་ལན་ལོག་འཇལ་གྱི་རིགས་སུ་གཏོགས་པའི་ཡི་གེ་དག་གསེར་རྟའི་དྲ་ཚིགས་འདིར་དུས་ནམ་ཡང་འགོད་རྒྱུ་མིན་པས་དེ་ལུགས་ཐུགས་འཇགས་འཚལ།
རྩོམ་སྐུར་སའི་ཁ་བྱང་། gologsertha@gmail.com ཡིན།

ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༢༦ ཉིན་གསེར་རྟའི་དྲ་ཚིགས་རྩོམ་སྒྲིག་པས།

One Response

མཆན་སྤེལ་ཡུལ་ནི་ མིང་མེད། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།