༄༅།།༸ གོང་ས་མཆོག་གི་བཀའ་སློབ།

༄༅། །ང་རང་ཚོས་རང་ཉིད་འགྲོ་བ་མི་ཞིག་ཡིན།

མིས་གང་ཡང་བྱེད་ཐུབ་རྒྱུ་རེད་སྙམ་པའི་འདུན་པ་དང་། སྙིང་སྟོབས། སྤོབས་པ་བཅས་ནི་རྒྱལ་ཁ་དང་གྲུབ་འབྲས་ཐོབ་པའི་གཞི་རྩ་ཡིན། དེ་ལྟར་སྙིང་སྟོབས་དང་ཆོད་སེམས་མེད་ན་ང་ཚོས་ལས་སླ་བོར་སྒྲུབ་ཐུབ་པའི་བྱ་བ་ཞིག་ཡིན་ཀྱང་སྒྲུབ་མི་ཐུབ། གལ་སྲིད་རྨོངས་པའི་ང་རྒྱལ་གྱི་སྙིང་སྟོབས་མིན་པར་རྒྱུ་མཚན་ལྡན་པའི་སྙིང་སྟོབས་དང་

ཆོད་སེམས་ཤིག་ཡོད་ན་སྐབས་གཅིག་ལ་འགྲུབ་མི་སྲིད་པ་ལྟ་བུར་སྣང་བ་དེ་ཡང་སྙིང་སྟོབས་དེས་ཀུན་ནས་བསླངས་པའི་སྩོལ་བ་མུ་མཐུད་བྱས་པ་ལས་འགྲུབ་ཐུབ་པ་ཡོང་གིན་ཡོད། དེས་ན་ཆོད་སེམས་ནི་ཤིན་ཏུ་གལ་ཆེན་པོ་ཡིན།    ཞེས་གསུངས།།   


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།