༈ དབལ་ཤུལ་དཔོན་གྱི་བཀའ་ཡིག

༈ མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་སེར་སྐྱ་མང་ཚོགས་ཡོངས་ཀྱི་ཞབས་དྲུང་དུ། ཆེད་ཞུ། ལོ་ཤས་སྔོན་ནས་དབལ་ཤུལ་གསེར་རྟའི་ལོ་རྒྱུས་སྤྱི་དང་། ལྷག་ཏུ་གསེར་རྟ་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་མིན་སོགས་ང་ལ་སྐད་ཆ་འདྲི་མཁན་བྱུངས་བས། ངས་ཀྱང་སྔོན་བྱུང་ལོ་རྒྱུས་གཞིར་བཞག་ན་དབལ་ཤུལ་གསེར་རྟ་མགོ་ལོག་ཡིན་པ་དང་། ལྷག་ཏུ་ངེད་དབལ་ཤུལ་དཔོན་ཚང་གི་ཕ་ཁུ་ཆེ་རྒན་ཚོའི་སྐུ་རིང་ནས་ང་ཚོ་མདོ་སྨད་ཨ་མདོ་ཡིན་གསུང་རྒྱུ་རེད་མ་གཏོགས་མདོ་སྟོད་ཡིན་ཁམས་ཡིན་གསུང་རྒྱུ་མ་རེད་ཅེས་བཤད་ཡོད་པས། དེ་ལྟར་དུ་དབལ་ཤུལ་གསེར་རྟའི་ལོ་རྒྱུས་ལ་སུས་ཀྱང་བཟོས་བཅོས་མི་བྱེད་པར་ཀུན་གྱིས་བདག་པོ་རྒྱག་རྒྱུ་དང་། ཚང་མའི་ཡ་རབས་སྤྱོད་བཟང་ངང་ལ་གནའ་དེང་གི་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་གནང་རྒྱུའི་རེ་བསྐུལ་དུ། དབལ་ཤུལ་ཚེ་སྒྲུབ་མགོན་གྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ་ལྔ་པའི་ཚེས་གཅིག་དང་།  སྤྱི་ལོ་༢༠༡༢ལོའི་ཟླ་༦ཚེས༢༠ཉིན་སྤེལ། ༼དབལ་ཤུལ་དཔོན་གྱི་བཀའ་ཡིག་འདྲ་བཤུས།༽

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།